འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོའི་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ཀྱིས་མང་ཚོགས་ནད་ལྟ་དཀའ་བའི་
    གནད་དོན་ཞི་ལྷོད་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀན་ལྷོའི་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ཀྱིས་མང་ཚོགས་ནད་ལྟ་དཀའ་བའི་
གནད་དོན་ཞི་ལྷོད་དུ་ཕྱིན་པ།
         ཉེ་བའི་ལོ་ཤས་ནང་ཀན་སུའུ་ཞིང་ཆེན་གྱིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྦྱོང་དང་ནང་འདྲེན། བོད་སྨན་འདུས་སྦྱོར་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། སྨན་བཅོས་སྒྲིག་ཆས་རིམ་སྤོར་གསར་བརྗེས་བཅས་བྱས་པ་བརྒྱུད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྨན་རྩིས་ཁང་སྣེ་འདྲེན་དུ་བྱེད་པ་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་ཤང་གྲོང་འཕྲོད་བསྟེན་ཁང་རྨང་གཞིར་བྱས་པའི་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་དྲ་རྒྱ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད།
         བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣའི་མཛོད་ནང་གི་ཁག་ཐེངས་དང་པོའི་བོད་ལུགས་གསོ་རིག་གི་སྨན་པ་དཀའ་བཅུ་པ་300ལྷག་ཙམ་གྱིས་སྙིང་ཀླད་ཁྲག་རྩའི་ནད་གཞི་དང་། འཇུ་བྱེད་མ་ལག་གི་ནད། གྲུམ་བུའི་ནད་སོགས་བོད་རིགས་ས་ཁུལ་གྱི་ས་མཐོའི་རྒྱུན་ཐོན་ནད་ནད་ཐོག་སྨན་བཅོས་ཐད་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱས་པ་དང་ཆབས་ཅིག་ས་གནས་དེས་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་མ་ལག་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་སྨན་རིན་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པས་བོད་རིགས་ས་ཁུལ་གྱི་མང་ཚོགས“ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ཡོད།
    【1】  【2】  【3】  【4】
    ༄༅།།ཀན་ལྷོའི་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ཀྱིས་མང་ཚོགས་ནད་ལྟ་དཀའ་བའི་
གནད་དོན་ཞི་ལྷོད་དུ་ཕྱིན་པ།
      

    ཕྱོགས་བསྡུས་གསར་འགྱུར།