འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་པུའི་ཟློས་གར་ཚོགས་པས་ཡོམ་
    འགོག་གནོད་སེལ་གྱི་འཚམས་འདྲིའི་འཁྲབ་སྟོན་ལེགས་པར་བསྒྲུབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་28ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་པུའི་ཟློས་གར་ཚོགས་པས་ཡོམ་
འགོག་གནོད་སེལ་གྱི་འཚམས་འདྲིའི་འཁྲབ་སྟོན་ལེགས་པར་བསྒྲུབས་པ།
         བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱིས་གཅིག་གྱུར་བཀོད་སྒྲིག་གནང་བར་གཞིགས་ནས། ཟླ་5ཚེས་12ཉིན་ནས་ཚེས་21ཉིན་བར་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་པུའི་ཟློས་གར་ཚོགས་པས་གེགས་ཁུལ་མང་ཚོགས་ལ་སེམས་ཁྲལ་བྱེད་སེམས་བཅངས་པའི་སྒོ་ནས་དུས་ཚོད་ཐུང་ལ་ལས་འགན་ལྕི་བ་དང་། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པ་སོགས་ཀྱི་རྒྱུ་རྐྱེན་ཁྱད་དུ་བསད་དེ་ལམ་ཐག་སྤྱི་ལེ་2500ལྷག་བསྐྱོད་དེ་སྔ་རྗེས་སུ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་དང་། སྐྱིད་གྲོང་རྫོང་། གཉའ་ལམ་རྫོང་བཅས་གནོད་སྐྱོན་ཚབས་ཆེན་ཕོག་ཁུལ་དང་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུ་རྩེ་ཆུས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་སོགས་སུ་ཆ་རྐྱེན་ཞན་པའི་གནས་ཚུལ་འོག་འཚམས་འདྲིའི་འཁྲབ་སྟོན་ཐེངས་བརྒྱད་བྱས་ཤིང་། ས་གནས་དེ་དག་གི་གནོད་ཐེབས་མང་ཚོགས་དང་། ཡོམ་འགོག་གནོད་སེལ་དམག་དཔུང་གི་དཔོན་དམག་དང་ཁེ་ལས་བྱ་ལས་སྡེ་ཚན་གྱི་ལས་བཟོ་པ་སོགས་མི་གྲངས་1500ལྷག་གིས་འཚམས་འདྲིའི་འཁྲབ་སྟོན་ལ་གཟིགས་ཐུབ་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་པུའི་ཟློས་གར་ཚོགས་པས་ཡོམ་
འགོག་གནོད་སེལ་གྱི་འཚམས་འདྲིའི་འཁྲབ་སྟོན་ལེགས་པར་བསྒྲུབས་པ།
      

    ཕྱོགས་བསྡུས་གསར་འགྱུར།