འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།དར་རྩེ་མདོ་རུ་བཞི་པའི་ཚེས་བརྒྱད་ཀྱི་ཕག་མོ་རིའི་གནས་སྐོར་འདུ་འཛོམས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དར་རྩེ་མདོ་རུ་བཞི་པའི་ཚེས་བརྒྱད་ཀྱི་ཕག་མོ་རིའི་གནས་སྐོར་འདུ་འཛོམས་འཚོགས་པ།
         ཟླ་5ཚེས་25ཉིན་ནི་ལུགས་རྙིང་གི་ཟླ་བཞི་པའི་ཚེས་བརྒྱད་ཉིན་ཡིན་ཞིང་། ཉིན་འདིར་སི་ཁྲོན་ཞིང་ཆེན་དར་མདོ་རྫོང་གི་མང་ཚོགས་ཚོས་ས་གནས་དེ་གའི་སྲོལ་རྒྱུན་དུས་ཆེན་ཏེ་ཕག་མོ་རིའི་གནས་སྐོར་འདུ་འཛོམས་འཚོགས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ངག་རྒྱུན་དུ་ས་ག་ཟླ་བའི་ཚེས་བརྒྱད་ཉིན་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པའི་ཉིན་མོ་ཡིན་པས། ཉིན་འདིར་ཕྱོགས་བཞི་མཚམས་བརྒྱད་ཀྱི་མང་ཚོགས་ཚོ་དར་རྩེ་མདོར་འཛོམས་ཏེ་ཕག་མོ་རིར་གནས་སྐོར་དང་སྟོན་པའི་སྐུ་འཁྲུད་གསོལ་བའི་བྱེད་སྒོ་སྤེལ་བ་དང་། གླུ་ལེན་བྲོ་འཁྲབ་བྱས་ནས་བཀྲ་ཤིས་ལོ་ལེགས་ཡོང་བར་སྨོན་འདུན་ཞུས།
    ༄༅།།དར་རྩེ་མདོ་རུ་བཞི་པའི་ཚེས་བརྒྱད་ཀྱི་ཕག་མོ་རིའི་གནས་སྐོར་འདུ་འཛོམས་འཚོགས་པ།
    ༄༅།།དར་རྩེ་མདོ་རུ་བཞི་པའི་ཚེས་བརྒྱད་ཀྱི་ཕག་མོ་རིའི་གནས་སྐོར་འདུ་འཛོམས་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།