འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མའི་རྩེར་འཛེགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་
    བའི་བྱེད་སྒོ་ལྷ་སར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་29ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མའི་རྩེར་འཛེགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་
བའི་བྱེད་སྒོ་ལྷ་སར་འཚོགས་པ།
         ཟླ་5ཚེས་27ཉིན་ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མའི་རྩེར་འཛེགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས། 1996ལོའི་ཟླ་5ཚེས་25ཉིན་ཀྲུང་གོ་བས་ཐོག་མར་ཇོ་མོ་གླང་མའི་རྩེར་འཛེགས་ནས་མིའི་རིགས་ཀྱིས་ཐོག་མར་ཇོ་རིའི་བྱང་ངོས་ནས་བདེ་བླག་ངང་རི་རྩེར་འཛེགས་པའི་ལོ་རྒྱུས་བཏོད་ཡོད། 1975ལོའི་ཟླ་5ཚེས་27ཉིན་ཀྲུང་གོའི་རི་འཛེག་རུ་ཁག་གི་རུ་མི་བསོད་ནམས་ནོར་བུ་དང་། ཕན་ཐོགས། བློ་ཚེ། བསམ་གྲུབ། ཧོའུ་ཧྲེང་ཕུའུ། ཀུན་དགའ་པ་སངས། ཕུན་ཚོགས་རྒན་པ། ཚེ་རིང་རྡོ་རྗེ། ཨ་བུ་ཆུང་བཅས“དཔའ་བརྟུལ་དགུ”ཡིས་སླར་ཡང་བདེ་བླག་ངང་ཇོ་རིའི་རྩེ་མོར་འཛེགས་པ་དང་ཕན་ཐོགས་ཀྱང་འཛམ་གླིང་ཐོག་ཇོ་རིའི་བྱང་ངོས་ནས་རི་རྩེར་འཛེག་མཁན་བུད་མེད་དང་པོར་གྱུར་པ་རེད།
    ༄༅།།ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མའི་རྩེར་འཛེགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་
བའི་བྱེད་སྒོ་ལྷ་སར་འཚོགས་པ།
    ༄༅།།ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མའི་རྩེར་འཛེགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་
བའི་བྱེད་སྒོ་ལྷ་སར་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།