འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་རྫོང་གིས་གྲྭ་ཤག་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླའི་དྲ་བ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་སེམས་ཀྱི་ཉིན་ཟླ་རྫོང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་གྲྭ་ཤག་སྒྱུར་བཀོད་བྱ་རྒྱུ་དེ་ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དགོན་སྡེའི་ཉེན་ཁ་ཡོད་པའི་གྲྭ་ཤག་སྒྱུར་བཀོད་ལ་གཏོང་ཆ་ཆེ་རུ་དང་གྲྭ་ཤག་གི་ཆ་རྐྱེན་ལེགས་སུ་བཏང་ནས་ཁོང་ཚོར་གྲྭ་ཤག་སྐྱིད་སྣང་དོད་པ་ཞིག་ཡོང་བ་བྱ་རྒྱུ་རེད།
         བོད་བརྒྱུད་ནང་བསྟན་དགོན་སྡེའི་སྤྱི་ཚོགས་ཅན་དོ་དམ་གྱི་ལས་དོན་ལ་སྐུལ་མ་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཡུན་ནན་ཞིང་ཨུད་དང་། ཀྲོའུ་ཨུད། རྫོང་ཨུད་བཅས་ཀྱི་བླང་བྱ་ལྟར་རྫོང་དེའི་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲྭ་པའི་དམངས་འཚོ་འགན་ལེན་ནན་ཏན་བྱེད་པ་དང་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། “ཤར་གཏོང་བཞིའི”ལས་གྲྭ གྲྭ་པའི་ཐེམ་ཐོ་དོ་དམ། སྤྱི་ཚོགས་རྒན་གསོ་འགན་བཅོལ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་སོགས་སྤྱི་ཚོགས་ཅན་གྱི་དོ་དམ་རིམ་བཞིན་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་ཐོག་གྲྭ་པའི་དངོས་ཡོད་དཀའ་ངལ་སེལ་བ་དང་གྲྭ་པའི་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་གྲོས་རིམ་ཉིན་ཐོའི་ནང་བཞག་ཡོད། 2014ལོར་གྲྭ་ཤག་སྒྱུར་བཀོད་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་དང་གྲྭ་ཤག་སྟར་པ་དགུ་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཞིབ་བཤེར་རྩིས་ལེན་ཚད་ལོན་རྗེས་ཁང་པ་སྟར་པ་རེར་སྒྱུར་བཀོད་མ་དངུལ་སྒོར་17000སྤྲད་པ་རེད།
         གྲྭ་ཤག་སྒྱུར་བཀོད་རྣམ་གྲངས་དེ་དགོན་སྡེའི་གྲྭ་ཤག་འཛུགས་སྐྲུན་ནང་ལག་ལེན་བསྟར་ཏེ་གྲྭ་ཤག་གི་ཆ་རྐྱེན་ལེགས་སུ་ནུས་ལྡན་དང་དགོན་སྡེ་སྤྱི་ཚོགས་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་བས་གྲྭ་དམངས་ཚོས་ཏང་གི་དྲོ་སྐྱིད་སྔར་བས་ཚོར་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།