འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་སྐྱོན་ཕོག་ཁུལ་མང་ཚོགས་ཀྱི་རྒྱུ་དངོས་གནས་སྤོ་
    བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་སྐྱོན་ཕོག་ཁུལ་མང་ཚོགས་ཀྱི་རྒྱུ་དངོས་གནས་སྤོ་
བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་བོད་ལྗོངས་དམག་ཁུལ་ཁང་གི་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་ཟོག་འདྲེན་རླངས་འཁོར་22བཏང་ནས་བོད་ལྗོངས་འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་སྐྱོན་ཕོག་པའི་མང་ཚོགས་ཁྱིམ་དུད་70ཡི་རྒྱུ་དངོས་གནས་སྤོ་བྱེད་འགོ་བརྩམས་པ་དང་། རྒྱུ་དངོས་དེ་དག་གཞིས་རྩེའི་བསམ་གྲུ་རྩེ་ཆུས་གནོད་ཕོག་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱ་རྒྱུ་རེད། འདི་ནི་ས་ཡོམ་བྱུང་ནས་ཟླ་བ་གཅིག་འགོར་རྗེས་གནོད་ཐེབས་མང་ཚོགས་ཐེངས་དང་པོར་རང་ཉིད་ཀྱི་ནང་དུ་ལོག་ནས་རྒྱུ་དངོས་བསྡུ་གསོག་བྱས་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་སྲིད་གཞུང་གིས་ཁག་བགོས་དུས་བགོས་བྱས་ནས་གནས་སྤོས་མང་ཚོགས་ཀྱི་རྒྱུ་དངོས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོར་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། གཟའ་འཁོར་གཅིག་གི་རིང་ལ་མང་ཚོགས་དུད་ཁྱིམ་སྟོང་ལ་ཉེ་བའི་རྒྱུ་དངོས་དག་གནས་སྤོ་ཚར་བར་བྱ་རྒྱུ་རེད།
    ༄༅།།འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་སྐྱོན་ཕོག་ཁུལ་མང་ཚོགས་ཀྱི་རྒྱུ་དངོས་གནས་སྤོ་
བྱེད་འགོ་བརྩམས་པ།
    ༄༅།།འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་སྐྱོན་ཕོག་ཁུལ་མང་ཚོགས་ཀྱི་རྒྱུ་དངོས་གནས་སྤོ་
བྱེད་འགོ་བརྩམས་པ།
    ༄༅།།འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་སྐྱོན་ཕོག་ཁུལ་མང་ཚོགས་ཀྱི་རྒྱུ་དངོས་གནས་སྤོ་
བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།