འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་
    ལྟེ་གནས་སྐྲུན་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་སྐྲུན་འགོ་བཙུགས་པ་དེས་རང་སྐྱོང་ལྗོངས་ཡོངས་ལ་ཕྱོགས་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་ལེགས་སྒྲིག་ལས་དོན་གཞི་རྩའི་ཐོག་མཇུག་འགྲིལ་བ་རེད།
          ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་ནི་བོད་མི་རིགས་ཀྱིས་དུས་ཡུན་རིང་པོའི་ནང་གི་ཕུན་སུམ་ཚོགས་པའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་དང་། ཀྲུང་ལུགས་གསོ་རིག གནའ་བོའི་རྒྱ་གར་གྱི་གསོ་རིག གནའ་བོའི་ཨ་རབ་ཀྱི་གསོ་རིག་བཅས་ཀྱི་ལེགས་ཆ་དག་འཚོལ་བསྡུ་བྱས་པ་བརྒྱུད་རིམ་བཞིན་སྲོལ་རྒྱུན་གྱི་གསོ་རིག་མ་ལག་དེ་གྲུབ་ཡོད། མིག་སྔར་ཀྲུང་གོའི་རྒྱལ་ནང་དུ་བོད་ཡིག་གི་གནའ་གཞུང་ཉར་ཚགས་བྱེད་ཚད་བསྡོམས་འབོར་ཁྲི་བརྒྱ་ཡན་ཟིན་པ་དེའི་ནང་གསུམ་ཆ་གཉིས་བོད་དུ་ཡོད་པ་རེད།
         བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆ་དག་གཙོ་བོ་དགོན་སྡེ་དང་། དཔེ་མཛོད་ཁང་། ཡིག་ཚགས་ཁང་། རྟེན་རྫས་བཤམས་མཛོད་ཁང་། མི་སྒེར་དང་ཁྱིམ་ཚང་བཅས་སུ་ཁྱབ་ཡོད། 2010ལོ་ནས་བཟུང་རིགས་གཅིག་མཁས་ཅན་ཚོགས་པས་ཕོ་བྲང་པོ་ཏ་ལ་ལྟེ་བར་བྱས་པ་དང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་ཡིག་ཚགས་ཁང་དང་ལྷ་ས་དང་། མངའ་རིས། ལྷོ་ཁ། གཞིས་རྩེ། ནག་ཆུ་སོགས་ས་ཁུལ་(གྲོང་ཁྱེར)ཚངས་ཕྱེད་དུ་བྱས་ནས་འཚོལ་བསྡུ་དང་ལེགས་སྒྲིག་ལས་དོན་སྤེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         “བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆ་པུ་ཏི་8000ལྷག་ཙམ་འཚོལ་བསྡུ་ཐུབ་པའི་ནང་མང་ཆེ་བ་ནི་རྩ་ཆེ་ལ་ཤིན་ཏུ་དཀོན་པའི་དཔེ་ཆ་ཡིན་ཞིང་། ཚད་ལྡན་ཡིག་ཆ་དག་གྲངས་འཛིན་ཅན་གྱི་ཡིག་ཚགས་ཀྱི་ཁོངས་སུ་བཅུག་པ་དང་འབྲེལ་ལེགས་སྒྲིག་བྱས་ཏེ་<<ཀྲུང་གོ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་པར་ལེན་གནའ་གཞུང་གི་རྩ་ཆེའི་དེབ་>>དཔེ་ཚོགས་དཔེ་སྐྲུན་བྱས་པར་བསྡོམས་པུ་ཏི་30དང་ཡིག་འབྲུ་ཁྲི་2700ཡོད་པ་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་བྲིས་མ་བརྒྱ་ལྷག་ཙམ་བཅུག་པའི་ནང་<<རྒྱུད་བཞི་>>དེར་པར་གཞི་མང་པོ་ཡོད”མཚོ་སྔོན་སོགས་ས་ཆ་དང་ཐ་ན་ཕྱི་རྒྱལ་དུ་ཕྱོགས་པའི་འཚོལ་བསྡུ་དང་ལེགས་སྒྲིག་ལས་དོན་ཡང་དངོས་སུ་སྤེལ་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ལོ་གཉིས་ནང་ལེགས་སྒྲུབ་ཐུབ་རྒྱུ་རེད་ཅེས་སློབ་སྤྱི་ཉི་མ་ཚེ་རིང་གིས་བཤད་པ་རེད།
         བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དཔེ་མཛོད་ཁང་གི་འགན་ཁུར་བ་གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་དཔེ་མཛོད་ཁང་ནང་དཔེ་དེབ་56000ཉར་ཚགས་བྱས་པའི་ནང་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཚུད་པ་དང“རྒྱལ་ཁབ་ཕྱི་ནང་དུ་ཕྱོགས་པའི་བོད་ཡིག་གནའ་གཞུང་འཚོལ་བསྡུ་དང་ལེགས་སྒྲིག་ལས་དོན་མཇུག་འགྲིལ་རྗེས་གོ་ལ་ཧྲིལ་པོའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་ཆེ་ཤོས་འཛུགས་རྒྱུར་རྨང་གཞི་འདིང་རྒྱུ་རེད”ཅེས་བཤད་པ་རེད།
         བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་རིང་སྲུང་སྐྱོབ་བརྒྱུད་རིམ་དེ་གལ་འགངས་ཧ་ཅང་ཆེན་པོ་ཡོད། རིགས་གཅིག་མཁས་ཅན་ཚོས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ཉམས་གསོ་བྱས་རྗེས་ཚད་ལྡན་ཡིག་ཆའི་སྔར་ཡོད་རྣམ་པ་དང་ནང་དོན་ལ་བརྩི་འཇོག་ནན་པོ་བྱས་ཐོག་ཚད་ལྡན་ཡིག་ཆའི་མ་དེབ་པར་ལེན་དང་པར་སློག་རྒྱག་པ་དང་འབྲེལ་རེག་ཐུག་བྱེད་མི་དགོས་་པའི་གནའ་གཞུང་གི་བཤར་འབེབས་ཡོ་ཆས་སྤྱད་དེ་བཤར་འབེབས་དང་པར་སྒྲིག་སོགས་བྱས་ནས་ཚད་ལྡན་ཡིག་ཆར་སླར་ཡང་གཏོར་བཤིག་མི་ཐེབས་པ་བྱས་ཡོད་ཅེས་ཉི་མ་ཚེ་རིང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།