འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།གང་ཞིག་ལ“གློག་རྡུལ་འཐུས་མཆན”ཟེར་རམ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་31ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གློག་རྡུལ་འཐུས་མཆན་ཟེར་བ་ནི་སྲོལ་རྒྱུན་གྱི་ཤོག་རིགས་འཐུས་མཆན་དེ་དག“གློག་རྡུལ་ཅན”ལ་བསྒྱུར་ཏེ་གློག་རྡུལ་ཡིག་ཚགས་ཀྱི་རྣམ་པའི་ཐོག་ནས་ལམ་ཡིག་ཡོད་མཁན་གྱི་འཐུས་མཆན་ཐོག་གི་ཆ་འཕྲིན་མཐའ་དག་འཐུས་མཆན་སྤྲོད་མཁན་ལས་ཁུངས་ཀྱི་མ་ལག་ནང་འཇོག་པར་བརྗོད། གློག་རྡུལ་འཐུས་མཆན་གཉེར་རྗེས་ཡུལ་སྐོར་བས་འཐུས་མཆན་པར་བརྒྱབ་པ་དེའི་ཐོག་སྒྱུར་ཡིག་བྱུང་ན་བསྐྱོད་ཆོག
         “གློག་རྡུལ་འཐུས་མཆན”རིགས་གཉིས་ལ་དབྱེ་ཆོག་པ་སྟེ། རིགས་གཅིག་ནི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་སྤྲོད་མི་དགོས་པར་བསྐྱོད་ཡུལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དང་གཞུང་ཚབ་དོན་གཅོད་ཁང་དུ་སྤྲོད་མི་དགོས་པར་དཔོན་དྲའི་ཐོག་སྟབས་བདེའི་ཆ་འཕྲིན་བྲིས་ནས་བབ་བསྟུན་གྱི་དཔྱད་གཞི་བསྐུར་རྗེས་འཐུས་མཆན་གྱི་རིན་པ་ཐད་ཀར་སྤྲད་ཚེ་གློག་རྡུལ་འཐུས་མཆན་རག་ཐུབ། རིགས་གཞན་ཞིག་གིས་འདུན་པ་ཞུ་མཁན་ལ་འབྲེལ་ཡོད་དཔྱད་གཞི་སྤྲད་དེ་བསྐྱོད་ཡུལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དང་གཞུང་ཚབ་དོན་གཅོད་ཁང་དུ་བསྐྱོད་དགོས་པའི་བླང་བྱ་འདོན་གྱི་ཡོད།
         མིག་སྔར་ཀྲུང་གོར་གློག་རྡུལ་འཐུས་མཆན་སྤྲོད་མཁན་རྒྱལ་ཁབ་གྲས་སུ་སིང་ཀ་ཕོར་དང་། ཨོ་སི་ཁྲུ་ལི་ཡ། ཁམ་ཕུ་ཁྲེ། སི་རི་ལན་ཁ། ཐུར་ཁེ། ཁ་ཐར། རྒྱ་གར་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།