འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་ཞིང་འབྲེལ་མ་དངུལ་དོ་དམ་བྱེད་མཁན་མང་བ་དང་། སྣོལ་འཛིང་བསྐྱར་ཟློས། བེད་སྤྱོད་ཐ་ཐོར་སོགས་ཀྱི་གནད་དོན་ལ་དམིགས་ནས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ཉེ་དུས་བསམ་འཆར་བཏོན་ཏེ། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང་དང་ཐ་ཐོར་རྣམ་པའི་དབུལ་པོའི་རྫོང་གིས་ཆེད་དོན་དབུལ་སྐྱོར་མ་དངུལ་དང་། འབྲེལ་ཡོད་ཞིང་འབྲེལ་མ་དངུལ། སྤྱི་ཚོགས་རོགས་སྐྱོར་མ་དངུལ་བཅས་གཅིག་སྡུད་ཐོག་སྤྱད་དེ་ཞིང་འབྲེལ་མ་དངུལ་གྱི་སྤྱི་འདོམས་བསྡུ་སྒྲིལ་གྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་ཡིན་པ་རེད།
         ཀན་སུའུ་ཞིང་ཆེན་གྱིས་བླང་བྱ་བཏོན་དོན། རྫོང་དབུལ་པོས་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱེད་རིང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དང་འབྲེལ་བ་ཡོད་སྐབས་གནད་སྨིན་བེད་སྤྱོད་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཡིག་ཚགས་དང་གཱ་བཟོས་མེད་པའི་དུད་ཚང་དབུལ་པོ་དང་དབུལ་སྐྱོར་ཁྱབ་ཁོངས་མིན་པས་སྤྱོད་མི་ཆོག གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས“ཐབས་ལམ་ཟང་ཟིང་མེད་པ་དང་། སྤྱོད་སྒོ་མི་འགྱུར་བ། གཅིག་སྡུད་བེད་སྤྱོད། རང་འགན་རང་འཁུར། མཉམ་ཤུགས་ཆགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ནུས་པ་ཕན་ཚུན་གསབ་རེས་དང་བེད་སྤྱོད་སྦྲེལ་མཐུད་ཀྱི་ཞིང་འབྲེལ་མ་དངུལ་སྣ་ཚོགས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ“བེད་སྤྱོད་ཐ་ཐོར་དང་ཕན་འབྲས་མཐོ་པོ་མེད་པའི”གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།