འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་རྒྱབ་ཀྱི་མེ་ཏོག་ལྡུམ་ར་སྐྱིད་གྲོང་རོང་ནས་དུས་བཞིའི་མཛེས་ལྗོངས་ལ་ལྟ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཇོ་མོ་གླང་མའི་རྒྱབ་ཀྱི་མེ་ཏོག་ལྡུམ་ར་སྐྱིད་གྲོང་རོང་ནས་དུས་བཞིའི་མཛེས་ལྗོངས་ལ་ལྟ་བ།
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་གྱི་མཁའ་པར་ལེན་མཁན་གྱིས་བསྐྱོན་པའི་བོད་ལྗོངས་གཞིས་རྩེ་སྐྱིད་གྲོང་རོང་གི་པར་རིས་ལ་དོ་ཁུར་ཆེན་པོ་བྱུང་ཡོད། སྐྱིད་གྲོང་དུ་བསྐྱོད་པ་ནི་དྲི་ཟའི་ཡུལ་དུ་སླེབས་པ་དང་མཚུངས་ཤིང་། གངས་རི་དང་འཁྱགས་ཀླུང་། རྩྭ་ཐང་། མཚེའུ་བཅས་ཀྱིས་མིའི་ཡིད་དབང་ཅིག་ཅར་དུ་འཕྲོག་སྟེ། མི་རྣམས་ཟང་ཟིང་ལས་བྲལ་ཏེ་ཡུལ་ཁམས་མཛེས་པོའི་ནང་མྱོས་པར་བྱེད། སྐྱིད་གྲོང་ལ་སླེབས་མྱོང་བའི་མི་ཚང་མས་སྐྱིད་གྲོང་ནི་དྲི་ཟའི་ཡུལ་རང་རེད་ཅེས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ཅིང་། སྐྱིད་གྲོང་ལ་ཇོ་མོ་གླང་མའི་རྒྱབ་ཀྱི་མེ་ཏོག་ལྡུམ་ར་ཡང་བརྗོད་ཀྱི་ཡོད།
           ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་པའི་སྐྱིད་གྲོང་རོང་ནི་ལུང་ཤུར་རིང་མོ་ཞིག་ཡིན་ཞིང་། རོང་འདི་ནི་མཐོང་ལྕགས་ཆེན་པོ་ཞིག་ལྷོ་བྱང་གི་ཕྱོགས་སུ་དེད་པ་དང་མཚུངས་ལ། ཡུལ་འདིའི་རི་བོ་གཟར་ཞིང་། མཚོ་འཕགས་སྨི་6000ཡན་གྱི་རི་བོ་མང་པོར་ལོ་འཁོར་མོར་ཁ་བས་གཡོག་ཡོད།
          སྐྱིད་གྲོང་རོང་གིས་མི་རྣམས་ལ་སྤྲད་པའི་མྱོང་ཚོར་ཆེ་ཤོས་ནི་ལུང་ཤུར་ཆུང་ཆུང་འདིར་དུས་ཚིགས་བཞི་བོ་དུས་མཉམ་དུ་མངོན་ཡོད་པ་དེ་ཡིན། གྲོག་རོང་དུ་ཤིང་ནགས་ཀྱིས་ཁེངས་པ་དང་། ཁུ་སིམ་པའི་གྲོང་སྡེ་སྔོ་ལྗང་གིས་ཁེབས་ཡོད། ཐག་མི་རིང་བའི་སར་ད་དུང་གངས་རིའང་མཐོང་ཐུབ་ཀྱི་ཡོད། 
    【1】  【2】  【3】
    ༄༅།།ཇོ་མོ་གླང་མའི་རྒྱབ་ཀྱི་མེ་ཏོག་ལྡུམ་ར་སྐྱིད་གྲོང་རོང་ནས་དུས་བཞིའི་མཛེས་ལྗོངས་ལ་ལྟ་བ།
      

    ཕྱོགས་བསྡུས་གསར་འགྱུར།