འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཐང་བོད་རིགས་སྤུན་ཟླས་རྩྭ་ཐང་སྟེང་དུ་རྟ་རྩལ་འགྲན་ཞིང་དབྱར་སྐྱིད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ལི་ཐང་བོད་རིགས་སྤུན་ཟླས་རྩྭ་ཐང་སྟེང་དུ་རྟ་རྩལ་འགྲན་ཞིང་དབྱར་སྐྱིད་གཏོང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན། ས་བབ་མཐོ་ཚད་སྨི་4014ཟིན་པའི་སི་ཁྲོན་ལི་ཐང་རྫོང་གི་འབུམ་ཡག་རྩྭ་ཐང་དུ་ལྟད་མོ་མང་པོ་ཡོད། རྟ་པ་ཚོས་ལྟད་མོ་ཆེ་བའི་རྟ་རྩལ་འཁྲབ་སྟོན་བྱས་པ་དང་། ལྷ་མོ་འཁྲབ་སྟོན། མི་སྟོང་གི་སྐོར་བྲོ་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་བོད་རིགས་སྤུན་ཟླ་ཁྲི་ཕྲག་མང་པོའི་ཡིད་དབང་བཀུག་པ་རེད།
           ལོ་ལྟར་ཟླ་བརྒྱད་པར། ཡུལ་དེ་གའི་བོད་རིགས་སྤུན་ཟླས་མི་རིགས་ཀྱི་གྱོན་ཆས་གྲ་དག་གྱོན་ནས།  སྦྲ་གུར་དང་ཐབ་ཆས། ཟས་རིགས་སོགས་ཁྱེར་ནས་རྩྭ་ཐང་ཐོག་སྒར་བཏབ་ཤིང་རྩེད་མོར་རོལ་བ་དང་ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུས་པ་རེད།
           རྩྭ་ཐང་སྟེང་དུ་ཅང་ཤེས་རྟ་ཕོའི་མགོ་བོར་རྔ་དམར་གྱིས་རྒྱན་ཞིང་། སྐེ་ལ་ཟངས་ཀྱི་དྲིལ་བུ་བཏགས་པ། ལུས་སྟེང་དུ་ཚོན་མདོག་སྣ་ལྔའི་རྟ་སྒ་བསྟད་ཡོད། ལི་ཐང་ནི་སྐད་གྲགས་ཆེ་བའི“རྟ་རྩལ་གྱི་ལུང་པ”ཡིན་པས། རྟ་རྒྱུགས་ནི་རྩྭ་ཐང་ཐོག་གི་ལྟད་མོ་གཙོ་བོ་ཞིག་ཡིན།
    【1】  【2】  【3】
    ༄༅།།ལི་ཐང་བོད་རིགས་སྤུན་ཟླས་རྩྭ་ཐང་སྟེང་དུ་རྟ་རྩལ་འགྲན་ཞིང་དབྱར་སྐྱིད་གཏོང་བ།
    ༄༅།།ལི་ཐང་བོད་རིགས་སྤུན་ཟླས་རྩྭ་ཐང་སྟེང་དུ་རྟ་རྩལ་འགྲན་ཞིང་དབྱར་སྐྱིད་གཏོང་བ།
    ༄༅།།ལི་ཐང་བོད་རིགས་སྤུན་ཟླས་རྩྭ་ཐང་སྟེང་དུ་རྟ་རྩལ་འགྲན་ཞིང་དབྱར་སྐྱིད་གཏོང་བ།
      

    ཕྱོགས་བསྡུས་གསར་འགྱུར།