འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་པུས་སྲིད་ཇུས་དང་བྱ་ཐབས་མཉམ་དུ་སྤྱད་ནས་ཚན་ཞིབ་སྣོད་བཅུད་ཁོར་ཡུག་དེ་
    བས་དྭངས་གཙང་ཡོང་བ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་གཅིག་མཇུག་གཉིས་མཐུད་ཀྱིས་བཏོན་པ་དང་བསྟུན་ནས། ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་གི་སྲིད་ཇུས་བྱ་ཐབས་མཉམ་དུ་སྤྱད་ཡོད། ཚན་རྩལ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཚན་ཞིབ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོའི་ཡིད་རྟོན་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བརྒྱུད། ཚན་ཞིབ་ཡིད་རྟོན་ལམ་ལུགས་ཅན་གྱི་འཛུགས་སྐྱོང་དང་ཚན་ཞིབ་སྣོད་བཅུད་ཁོར་ཡུག་གཙང་སེལ་ལ་སྔར་བས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
          ཚན་རྩལ་པུའི་འབྲེལ་ཡོད་འགན་འཁུར་བས་ཚན་ཞིབ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོའི་ཡིད་རྟོན་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད། ཚན་ཞིབ་ཡིད་རྟོན་འཛུཌ་སྐྱོང་དེ་རྣམ་གྲངས་ཀྱི་ཕྱོགས་སྟོན་དང་། རྣམ་གྲངས་ཀྱི་ཞིབ་དཔྱད། བརྒྱུད་རིམ་དོ་དམ། མཇུག་སྒྲིལ་རྩིས་ལེན། ལྟ་སྐུལ་དཔྱད་དཔོག་སོགས་ཀྱི་ཚན་རྩལ་འཆར་གཞིའི་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཚན་རྩལ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཚན་ཞིབ་ཡིད་རྟོན་ཁས་ལེན་ལམ་ལུགས་ཕྱོཌ་ཡོངས་ནས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཚན་ཞིབ་ཡིད་རྟོན་ལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་ཞིབ་ཀྱི་ཡིད་རྟོན་བཟང་པོ་དེ་ཚན་ཞིབ་འཆར་གཞི་ཁག་ནང་ཞུགས་སྐབས་ཚང་དགོས་པའི་ཆ་རྐྱེན་ཞིག་ཏུ་བརྩི་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         ཚན་རྩལ་པུའི་སྲིད་ཇུས་ཁྲིམས་སྲོལ་དང་ལྟ་སྐུལ་སིའི་སི་ཀྲང་ཧོ་ཏེ་ཧྥང་གིས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ནི་ཚན་ཞིབ་གསར་གཏོད་ཐད་གསོན་ཤུགས་དེ་བས་ཆེ་བ་དང་ཕན་འབྲས་དེ་བས་ལེགས་པ་ཐོན་པ་དང་། ཁ་དན་ཚིག་ལ་མ་གནས་མཁན“ཁ་དན་ཚིག་གནས་མ་བྱས་ཚེ། གང་དུ་སླེབས་ཀྱང་བཀག་རྒྱ་འཕྲད” ཚན་ཞིབ་ལས་དོན་མི་སྣས་ཚན་ཞིབ་ཡིད་རྟོན་དེ་ཚེ་སྲོག་ལྟར་བརྩི་བ་བཅས་ཀྱི་སྒོ་ནས་སྤྱོད་གཙང་གཞུང་དྲང་གི་ཚན་ཞིབ་སྣོད་བཅུད་ཁོར་ཡུག་ཅིག་དེ་བས་ལེགས་པའི་ངང་གཏོད་པའི་ཆེད་དུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།