༄༅།།བོད་ཆས་དང་དར་སྲོལ་གྱི་སྟོན་མོ་བཤམས་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 08ཚེས་06ཉིན། 14:04】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན། སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གི་ཁམས་ལྷོའི་ལུས་རྩལ་ལྟེ་གནས་སུ་ཁམས་པའི་སྲོལ་རྒྱུན་དང་རྣམ་པ་གསར་པའི་བོད་ཆས་ཀྱི་ངོམ་སྟོན་གཉེར་ཡོད་ཅིང་། ཡུལ་དེ་གའི་མོ་ཐྲོལ་ཚོས་རྣམ་པར་བཀྲ་བའི་ཁམས་པའི་བོད་ཆས་ངོམ་སྟོན་བྱས་ནས། སྲོལ་རྒྱུན་དང་དར་སྲོལ་གྱི་སྟོན་མོ་བཤམས་ཡོད། ཁམས་པའི་རྒྱན་གོས་ནི་བཟོ་དབྱིབས་ཐུལ་ཆེ་ཞིང་། ཚོན་མདོག་བཀྲག་མདངས་ཆེ་བ། རྒྱན་རིས་བབ་ཆགས་པ། རྒྱུ་ཆ་སྤུས་དག་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།
【1】
【2】