འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གསུམ་པའི་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སྐབས་གསུམ་པའི་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་འགྲིལ་བ།
           མི་དམངས་དྲ་བའི་འཕྲིན། དགའ་གདོང་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས་པའི་《པད་མ་འོད་འབར་》བདེ་བླག་ངང་མཇུག་འགྲིལ་བ་དང་བསྟུན་ནས། གཟའ་འཁོར་གཅིག་ཙམ་འཁྲབ་སྟོན་བྱས་པའི་2018ལོའི་སྐབས་གསུམ་པའི་སྟོད་ལུང་བདེ་ཆེན་ཆུས་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ་8ཚེས་1ཉིན་གྱི་ཕྱི་དྲོར་དངོས་སུ་མཇུག་འགྲིལ་ཡོད། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ལྷ་མོའི་འཁྲབ་སྟོན་ནང་ཞུགས་པའི་དཔུང་ཁག་ལ་ཚོགས་པའི་མཉམ་ཞུགས་བྱ་དགའ་སྤྲད་པ་དང་།  འབྲེལ་འགྲེམས་འཁྲབ་ལ་བསྔགས་སྐུལ་བྱས་པ་རེད།
            གཞན་ཡང་། རིགས་གཅིག་མཁས་ཅན་གྱི་དཔྱད་འདེམས་པས་ལྷ་མོའི་འགྲེམས་འཁྲབ་ཉིན་བདུན་རིང་ལྷ་མོ་ཚོགས་པ་དང་ལྷ་མོའི་འཁྲབ་སྟོན་པའི་གཞས་གདངས་དང་ཉམས་འགྱུར་སོགས་ལ་དཔྱད་བསྡུར་བྱས་པ་བརྒྱུད་ལྷ་མོའི་དགེ་རྒན་རྩེ་གྲ་དང་།  རྔ་བརྡུང་མཁན་རྩེ་གྲ། འཁྲབ་སྟོན་པ་རྩེ་གྲ། གཞས་གདངས་རྩེ་གྲ། མི་སྣ་གཙོ་བོ་རྩེ་གྲ་བཅས་འདེམས་ཡོད། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཁོང་ཚོར་ལག་ཁྱེར་དང་བྱ་དགའི་བུམ་པ་།  བྱ་དགའི་དངུལ་བཅས་སྤྲད་པ་རེད།
           ལྷ་མོ་ནི་བོད་ཀྱི་རིག་གནས་ཀྱི"འགྱུར་རྡོ་ལྟ་བུ"ཡིན་ལ།  མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡང་ཡིན། རིག་གནས་ཤུལ་བཞག་འདིར་སྔར་ལས་ལྷག་པའི་རྒྱུན་འཛིན་དང་།  སྲུང་སྐྱོང།  འཕེལ་རྒྱས་བཅས་ཡོང་བ་བྱ་ཆེད། ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་སྒྲིལ་རྗེས། རིགས་གཅིག་མཁས་ཅན་གྱི་དཔྱད་འདེམས་པ་དང་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་།  ཆུས་སྲིད་གཞུང་། དེ་བཞིན་སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ལྷ་མོའི་རྒྱུན་འཛིན་པ་དང་ལྷ་མོ་ཚོགས་པའི་འགན་འཁུར་བ་མཉམ་དུ། འབག་སྔོན་པོའི་ལྷ་མོ་དང་སྐྱོར་མོ་ལུང་ལྷ་མོའི་ལོ་རྒྱུས་འབྱུང་ཁུངས་དང་། སྐྱོར་མོ་ལུང་ལྷ་མོའི་རྒྱུན་འཛིན་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་སྐྱོར་མོ་ལུང་ལྷ་མོའི་རིག་གནས་འཕེལ་རྒྱས་འགྲོ་ཚུལ་སོགས་ལ་བགྲོ་གླེང་བྱས་ཡོད་པ་རེད།
           2008ལོར། རྒྱལ་ཁབ་རིག་གནས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དཔྱད་འདེམས་ཁྲོད། བོད་ལྗོངས་ཀྱི་སྒྱུ་རྩལ་པ་22མིང་ཐོའི་ནང་ཚུད་ཡོད། སྐྱོར་མོ་ལུང་གི་ལྷ་མོའི་རྒྱུན་འཛིན་པ་བསྟན་དར་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོབ་མཁན་གྱི་དམངས་ཁྲོད་སྒྱུ་རྩལ་བ་དང་པོར་གྱུར་ཡོད་པ་རེད།
    ༄༅།།སྐབས་གསུམ་པའི་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་འགྲིལ་བ།
    ༄༅།།སྐབས་གསུམ་པའི་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་འགྲིལ་བ།
    ༄༅།།སྐབས་གསུམ་པའི་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་འགྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།