འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་གོང་འཕེལ་གྱི་ནང་གནས་སྒུལ་ཤུགས་ཆེ་རུ་
    ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་གཞོན་པ་ཁྲེན་པིན་གྱིས། ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་བརྟན་ལ་ལེགས་པའི་དུས་བབ་སྔར་བས་བརྟན་དུ་ཕྱིན་ཡོད། འགྲུལ་སྐྱེལ་རླངས་འཁོར་སོགས་འཛད་སྤྱོད་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐོན་ཟོག་གི་ཐོན་འབོར་དང་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་ཆས་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས་དང་འབྲེལ་བའི་སྒྲིག་ཆས་ཐོན་འབོར་ཅུང་མགྱོཌ་མྱུར་ངང་འཕར་བ་མ་ཟད། རིག་ནུས་ཐོན་ཟོག་བཟོ་བ་དང་འབྲེལ་བ་ཡོད་པའི་ཐོན་ཟོག་གི་འཕར་ཚུལ་ལེགས་པ་དང་ཐོན་ལས་ཕྱོགས་སྒྱུར་དེ་རིམ་པ་མང་བར་སྐུལ་སྤེལ་གཏོང་གི་ཡོད། སྔོན་དཔག་ལྟར་ན། ལོ་ཧྲིལ་པོའི་འཕྲུལ་ཆས་བཟོ་ལས་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོང་ངེས་རེད་ཅེས་བཤད།
         ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱིས་ཕྱོགས་སྒྱུར་རིམ་སྤོར་དང་སྒུལ་ནུས་གསར་རྙིང་བརྗེ་བའི་ཐད་སྐུལ་སྤེལ་བཏང་བས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རིམ་གྱིས་ཆེ་རུ་ཕྱིན་ཡོད། འཛད་སྤྱོད་རིམ་སྤོར་དང་ཐོན་ལས་རིམ་སྤོར་དང་མཐུན་པའི་ཐོན་ཟོག་ཐོན་འབོར་འཕར་ཚད་མངོན་གསལ་དོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་ཅུང་མཐོ་རུ་ཕྱིན་ཡོད་ལ་སྒྲིག་ཆས་ཆེ་གྲས་ཀྱི་ལྟེ་བའི་ལྷུ་ལག་རང་རྒྱལ་གྱིས་ཐོན་སྐྱེད་བྱེད་པར་འཕེལ་རིམ་གསར་པ་བྱུང་ཡོད། འོན་ཀྱང་དགོས་མཁོ་མི་འདང་བ་ནི་སྔར་བཞིན་ལས་རིགས་འཕེལ་རྒྱས་ལ་དཀའ་ངལ་བཟོ་བའི་གནད་དོན་གཙོ་བོ་དེ་ཡིན་པས་ཕྱོགས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས།
         ཀྲུང་གོའི་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་གནད་འབྲེལ་གཏུག་ཁེ་ལས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཁེ་ལས་ཀྱི་ཚོང་ཟོག་མངགས་ཉོ་ནི་2017བརྒྱུད་ཇེ་ལེགས་སུ་སོང་རྗེས། 2018ལོ་ནས་བཟུང་སླར་ཡང་ཆག་པའི་རྣམ་པ་མངོན་ཡོད། ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་ཁེ་སྤོགས་ཀྱི་སྤྱི་འབོར་དེ་དུས་མཚུངས་ལས་6.73%འཕར་བ་དང་། འཕར་ཚད་ནི་དུས་མཚུངས་ཀྱི་རྒྱལ་ཡོངས་བཟོ་ལས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།