འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་བཟོས་པའི་རླངས་འཁོར་ཆི་ལིའི་ཁྲོམ་རའི་ཕྱིར་ཚོང་གི་ཨང་དང་པོ་ཐོག་མར་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཆི་ལིའི་《ཕོ་ཉའི་ཚགས་པར་》ཐོག་ཉིན་ཤས་གོང་ཆི་ལིའི་རྒྱལ་ཡོངས་རླངས་འཁོར་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་ལོ་དཀྱིལ་གྱི་སྙན་ཞུའི་ནང་། འདི་ལོའི་ལོ་སྟོད་དུ་ཀྲུང་གོས་བཟོས་པའི་རླངས་འཁོར་གྱིས་ཆི་ལིའི་ཁྲོམ་རའི་སྐལ་གྲངས་15.6%བཟུང་བས་ཧན་གོ་དང་རི་པིན་གྱིས་བཟོས་པའི་རླངས་འཁོར་ལས་ཐོག་མར་བརྒལ་ནས་ཆི་ལིའི་ཁྲོམ་རའི་ཕྱིར་ཚོང་གྲངས་ཚད་ཀྱི་ཨང་དང་པོ་བཟུང་ཡོད་པ་རེད།
          ཆི་ལིའི་རྒྱལ་ཡོངས་རླངས་འཁོར་མཐུན་ཚོགས་ཀྱི་སྙན་ཞུར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ཀྲུང་གོས་བཟོས་པའི་རླངས་འཁོར་ཆི་ལིར་ཁྲི་3ལྷག་ཙམ་བྲིན་ཚོང་བྱས་ཡོད། དེའི་ནང་ཆི་རུའེ་དང་། ཅང་ཧོའེ། ཁྲང་ཨན་བཅས་ཀྱི་འཚོང་གྲངས་ཚང་མ་རླངས་འཁོར་3500ལས་བརྒལ་ཡོད།
         2017ལོ་ནས་བཟུང་ཀྲུང་གོའི་རླངས་འཁོར་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་ཆི་ལིའི་ཁྲོམ་རར་བསྐྱོད་དེ་ཐོན་རྫས་ལ་ཆི་ལིའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད། ཆི་རུའེ་རླངས་འཁོར་གྱི་ཆི་ལིའི་ཚབ་ཚོང་པ་ཅིང་ལི་ཝུའུ་ཀེ·ཁ་སི་ཐེ་ལུའོ་ཡིས། ཆི་ལིར་ཀྲུང་གོའི་རླངས་འཁོར་གྱི་འཛད་སྤྱོད་པའི་མྱོང་ཚོར་ཡག་པོ་ཡོད་པ་དང་ཆི་ལིའི་འཛད་སྤྱོད་པས་ཀྲུང་གོའི་རླངས་འཁོར་བློས་འཁེལ་བ་ཞིག་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཧྭ་ཁྲེན་དང་པེ་ཆི་སྤུས་རྟགས་ཀྱི་ཚབ་ཚོང་པའི་ཀྲུའུ་ཞི་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ལི་ཁ་ཏུའོ·ལའེ་སི་མན་གྱིས་ཀྲུང་གོའི་རླངས་འཁོར་ཕྱིར་ཚོང་བྱེད་མང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་སྤུས་ཚད་མཐོ་རུ་ཕྱིན་པ་རེད་ཅེས་བཤད།
         ཆི་ལིའི་རླངས་འཁོར་ལས་རིགས་ཀྱི་མི་སྣས་དབྱེ་ཞིབ་བྱས་པར། ཀྲུང་གོའི་རླངས་འཁོར་གྱིས་ཆི་ལིའི་ཁྲོམ་རར་སྔར་བཞིན་འཕེལ་བའི་མི་མངོན་པའི་ནུས་ཤུགས་ལྡན་ཡོད། ཆི་ལིའི་རྒྱལ་ཡོངས་རླངས་འཁོར་མཐུན་ཚོགས་ཀྱིས་བསྡོམས་རྩིས་བྱས་པར་2017ལོར་ཆི་ལིར་རླངས་འཁོར་གསར་པ་ཁྲི་36.09བྲིན་ཚོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།