འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཆི་ལིར་ཞིང་ལས་ཀྱི་ཕྲན་ཚེགས་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་
    གསོ་སྦྱོང་འཛིན་གྲྭ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “2018ལོའི་ཞིང་ལས་ཀྱི་ཕྲན་ཚེགས་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ”ཉེ་ཆར་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོར་སློབ་མཇུག་འགྲིལ་བ་དེ་ནི་ཀྲུང་གོས་ཆི་ལིར་གཉེར་བའི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་ཡིན་པ་རེད།
         ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུས་པུའུ་ཡིས་སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་ཕྲན་ཚེགས་ཁེ་ལས་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་ཆི་ལིའི་སྤྱི་ཡོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད། དྲ་ཐོག་ཚོང་དོན་ནི་འཛམ་གླིང་ཚོང་དོན་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་ལ་ཆི་ལིའི་ཕྲན་ཚེགས་ཁེ་ལས་རྒྱ་སྐྱེད་གཏོང་བའི་རང་ངོས་འཕེལ་རྒྱས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་ཨ་ལི་པ་པའི“གོ་ལ་ཧྲིལ་པོའི་སུའུ་མའེ་ཐུང་དྲ་ཐོག་ཉོ་ཚོང་ལས་སྟེགས”བརྒྱུད་དྲ་ཐོག་ནས་ཅ་དངོས་ཉོ་རྒྱུ་དེ་ཆི་ལི་བ་མང་པོའི་རྒྱུན་གཏན་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཀྲུང་གོ་དང་ཆི་ལི་ཕྱོགས་གཉིས་པོས་ཐུན་མོང་ཐོག་འཆར་འགོད་དང་སྒྲིག་འཛུགས་བྱས་པའི“2018ལོའི་ཞིང་ལས་ཀྱི་ཕྲན་ཚེགས་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ”ནི་ཀྲུང་གོས་ཚོགས་པ་མངགས་ནས་ཆི་ལིར་སློབ་ཚན་ཁྲིད་རོགས་བྱེད་ཐེངས་དང་པོ་དེ་ཡིན། དེའི་དམིགས་ཡུལ་ནི་ཆི་ལིའི་དཔལ་འབྱོར་དང་ཀྲུང་གོ་དང་ཆི་ལིའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ཡིན་པ་རེད།
          ཆི་ལིའི་ཞིང་ལས་པུའུ་དང་དཔལ་འབྱོར་པུའུ་སོགས་སྲིད་གཞུང་སྡེ་ཚན་ནས་ཡོང་བའི་དཔོན་རིགས་60ལྷག་ཙམ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣ་སློབ་མར་བྱས་ནས་ད་རེས་ཀྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་རེད། ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཆི་ལིའི་རྒྱལ་སྤྱིའི་ཚོང་དོན་སྐུལ་གཏོང་ཨུ་ཡོན་ལྷན་ཁང་གི་ལས་དོན་པ་ཅ་ཕུའུ་ལེའར·ཕ་ལ་ཡིས་གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཤེས་རྟོགས་ཐུབ་པ་བྱས་ཏེ་ཆི་ལིར“ཀྲུང་གོའི་རྣམ་པ”འདྲ་བཤུས་ཐུབ་ནས་ཕྲན་ཚེགས་ཞིང་དུད་ཀྱིས་དྲ་ཐོག་ཚོང་དོན་སྟེགས་བུ་བརྒྱུད་ཐོན་ཟོག་ཕྱིར་ཚོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།