འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ས་བབ་མཐོ་ཤོས་ཤང་གི་སྦྲག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོའི་ས་བབ་མཐོ་ཤོས་ཤང་གི་སྦྲག་པ།
           ཕུ་མ་བྱང་ཐང་ཤང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་ཡོད་པ་དང་གཤམ་འོག་ཏུ་སྲིད་འཛིན་གྲོང་ཚོ་6ཡོད་ལ་ཤང་སྲིད་གཞུང་གནས་ཡུལ་ས་བབ་མཐོ་ཚད་སྨི་5373ཡོད་པས་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཡིན་པ་རེད།
           ལོ་29ལ་སླེབས་པའི་སྐལ་བཟང་ཚེ་རིང་ནི་སྦྲག་པ་ཞིག་ཡིན་པ་དང་ཕུ་མ་བྱང་ཐང་ཤང་དང་སྲིད་འཛིན་གྲོང་ཚོ་ཁག་གི་སྦྲག་སྐྱེལ་ལས་འགན་འཁུར་གྱི་ཡོད། ཁོང་གཟའ་འཁོར་རེར་སྦག་སྦག་བཏང་ནས་གྲོང་ཚོའི་ནང་ཐེངས་གཉིས་ཙམ་བསྐྱོད་པའི་ཡོང་གཅིག་མའི་ལམ་ཐག་སྤྱི་ལེ་160ཟིན་གྱི་ཡོད།
           སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་བོད་ཀྱི་སྦྲག་སྲིད་ཀྱིས་ཞིང་འབྲོག་ཁུལ་དུ“ཤང་ཚང་མར་སྦྲག་སྲིད་ཤར་གཏོང”གི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན། བོད་ཀྱི་རྫོང་མན་གྱི་འབྲོག་ཁུལ་དུ་སྦྲག་སྲིད་ཞབས་ཞུའི་སྒྲིག་གཞི་མེད་པའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་ཡོད། 2017ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ཞིང་ཆེན་དང་གྲོང་ཚོའི་བར་གྱི་རིམ་བཞིའི་དྲ་བའི་སྦྲག་ལམ་བསྡོམས་1712བསྐྲུན་པ་དང་ཡོང་གཅིག་མའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་12.26ཟིན་ནས་བོད་ཀྱི་ཤང་100%ལ་ཁྱབ་ཅིང་། གོང་གི་པར་རིས་ནི་སྐལ་བཟང་ཚེ་རིང་གིས་སྦག་སྦག་བཏང་ནས་ཤང་སྲིད་གཞུང་གནས་ཡུལ་ས་བབ་མཐོ་ཚད་བཀོད་པའི་རྡོ་རིང་གི་གམ་ནས་སྐྱོད་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།