འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེང་པའོ་ལུའོ་དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོའི་དཔེ་དེབ་ལ་དོ་ཁུར་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། སྐབས་25པའི་ལོ་གཉིས་རེའི་ཧྲེང་པའོ་ལུའོ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་དེ་ཉེ་དུས་པར་ཙིར་གྱི་ཧྲེང་པའོ་ལུའོ་ཡི་ཨ་ཉན་པི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)སྤྱི་ཁྱབ་ཀུང་སིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པས་དཔེ་དེབ་རྩེ་གྲ་མང་པོ་འཁྱེར་ནས་འགྲེམས་སྟོན་ནང་ཞུགས་པར་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།
         དེ་ནི་ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པས་འགྲེམས་ཚོགས་གལ་ཆེན་དེ་ལྟ་བུར་ཞུགས་ཐེངས་བཞི་པ་ཡིན་པ་རེད། ད་རེས་ཀྲུང་གོའི་དཔེ་དེབ་རྩེ་གྲ་རིགས་200དང་དེབ་400ལྷག་འགྲེམས་སྟོན་བྱས་པའི་ནང་ཕྱེད་ཀ་ནི་ཕོར་ཐིའུ་ཀལ་གྱི་ཡི་གེ་དང་དབྱིན་ཡིག་ཡིན་པ་རེད།
         ཀྲུང་གོའི་འགྲེམས་སྟེགས་ཀྱིས་བརྗོད་དོན་གཙོ་བོའི་དཔེ་དེབ་འགྲེམས་ཁུལ་བཙུགས་ཏེ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དང་《ཞི་ཅིན་ཕིང་གི་གསུང་བཤད་ནང་གི་གཏམ་དཔེ་ཕྱོགས་བསྒྲིགས་》སོགས་བརྗོད་དོན་གཙོ་བོའི་དཔེ་དེབ་རྩེ་གྲ་འགྲེམས་སྟོན་བྱས་ཏེ་པར་ཙིར་གྱི་ཀློག་པ་པོས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལམ་བུ་དང་། འཕེལ་རྒྱས་ཀྱི་རྣམ་པ། འཕེལ་རྒྱས་ཀྱི་ཐབས་ལམ་བཅས་ཤེས་རྟོགས་ཐུབ་རྒྱུར་སྐར་ཁུང་གལ་ཆེན་ཞིག་མཁོ་འདོན་ཐུབ་པ་བྱས་ཡོད།
         ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)སྤྱི་ཁྱབ་ཀུང་སིའི་རྣམ་གྲངས་དོ་དམ་པུའི་ཅིང་ལི་ཝང་ཧྥང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་པར་དབར་རིག་གནས་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་ཡི་རིག་གནས་པར་ཙིར་དུ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱེད་ཐུབ་པ་བྱ་ཆེད། འགྲེམས་ཚོགས་རིང་ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པས་ས་གནས་ས་ཐོག་ཏུ་པར་ཙིར་གྱི་ཧྲེང་པའོ་ལུའོ་ཡི་ཕྱིར་སྡོད་རང་མིའི་དཔེ་མཛོད་ཁང་ལ་དཔེ་དེབ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།
         པར་ཙིར་གྱི་དཔེ་དེབ་ཚོང་ཚོགས་ཀྱི་ཀྲུའུ་ཞི་ལུའུ་དབྱི་སི·ཐོ་ལེ་ལི་ཡིས་པར་ཙིར་གྱི་དཔེ་སྐྲུན་ལས་རིགས་ཀྱིས་འདས་ཟིན་པའི་ལོ་གཉིས་རིང་གི་དཔལ་འབྱོར་ཉམས་རྒུད་ཁྲོད་ནས་དོན་ཐུབ་པ་བྱས་ཏེ་འདི་ལོའི་འགྲེམས་ཚོགས་ཐོག་འགྲེམས་སྟོན་བྱས་པའི་དཔེ་དེབ་ཀྱི་སྣ་ཁ་ལས་དེ་བས་སྣ་མང་ཅན་གྱི་རྣམ་པ་མངོན་པར་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།