འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་ཁྱད་ལྡན་འདེབས་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ནས་བརྔ་བསྡུ་བྱེད་ཉེའི་སྐབས། ནས་ཀྱི་སྣ་ཁ་གསར་ཤོས“ཁུ་ནུ་ཨང་14པ”བཏབ་ཟིན་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་རྫོང་ཆོན་ཁོའུ་གྲོང་རྡལ་གྱི་ཞིང་པ་ལེ་ཡན་ཧྲན་གྱིས་ཉོ་སྒྲུབ་ཁེ་ལས་དབར་ཕྱིར་ཚོང་གན་རྒྱ་བཞག་པ་རེད། ཁོང་གིས་གྲོང་ཚོའི་མཉམ་ལས་ཁང་དུ་བཏབ་པའི་ནས་མུའུ་800དེར་སྔོན་དཔག་ལྟར་ན་ཐོན་ཚད་ཏུན་272ཟིན་རྒྱུ་དེ་ལོ་10ཡི་གོང་གི་ནས་ཀྱི་སྣ་ཁ་རྙིང་པ་དང་བསྡུར་ན་ཏུན་32ཐོན་འཕར་ཡོང་རྒྱུ་རེད།
           མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་སྣེ་ཁྲིད་ལག་བསྟར་བྱས་པའི“མཚོ་སྔོན་ཞིང་ཆེན་ས་མཐོའི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་དེང་རབས་འདེབས་ལས་གསར་གཏོད་མ་ལག་འཛུགས་སྐྲུན”གྱི་ཚན་རྩལ་ཆེད་དོན་གལ་ཆེན་གྱི་ཕན་པ་ལ་བརྟེན་ནས་རྣམ་གྲངས་དཔེ་སྟོན་དུད་ཚང་ཁག་གཅིག་ནི་ལེ་ཡན་ཧྲན་དང་འདྲ་བར་རྒྱུད་འདྲེས་པད་ཁ་དང་། ཞོག་ཁོག འབྲུ་རྩྭ་གཉིས་མཐོའི་ནས། ཁྱད་ལྡན་སྔོ་ཚལ་སོགས་སྣ་ཁ་གསར་པ་ཡག་པོ་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། གནམ་གཤིས་འཁྱག་པའི་ཞན་ཆ་བསལ་ནས་ལྗང་མདོག་དང་། བདེ་འཇགས། ནུས་ཆེ་བཅས་ཀྱི་འབབ་འཕར་གྱི་ལེགས་ཆར་གྱུར་ནས་ཞིང་ལས་རྒྱུན་སྲིང་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་སུ་ཕྱིན་ཡོད་པ་རེད།
           ཤེས་རྟོགས་བྱུང་བ་ལྟར་ན། ཞིབ་འཇུག་མི་སྣས་མཚོ་སྔོན་ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ་དང་མཚོ་ལྷོ་ཀྲོའུ་དང་དེ་བཞིན་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཁག་གཅིག་ཏུ་རིམ་རྩིས་བྱས་ན་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་3.45བསྐྲུན་ནས་ཐད་ཀའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་6977དང་ཁེ་སྤོགས་སྒོར་ཁྲི་645.4བྱུང་ཡོད། རྣམ་གྲངས་དེ་གཞི་རྟེན་དུ་བྱེད་པ་དང་ཁེ་དབང་བགོ་བཤའ་འབྲེལ་ཐག་ཏུ་བྱེད་པའི“གསོ་སྤེལ་སྐུལ་གཞི་གཅིག་ཅན”གྱི་དེང་རབས་འདེབས་ལས་ཚན་རྩལ་གསར་གཏོད་བྱེད་སྟངས་ཀྱིས་རིམ་རྩིས་བྱས་ན་དཔེ་སྟོན་ཞིང་ས་མུའུ་ཁྲི་22.9ཁྱབ་གདལ་བཏང་ནས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་7.31བྱུང་བ་དང་། ཁྱབ་འགྱེད་ཁུལ་གྱི་ཞིང་པར་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི་8759འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།