འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་ཕན་རྣམ་གྲངས་ལག་བསྟར་གྱིས་
    དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་100གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན། གསར་འགོད་པར་ཀྲུང་གོའི་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཐེབས་རྩ་ལྷན་ཚོགས་དེའི་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ལ་རོགས་སྐྱོར་གྱི་འཆར་གཞི་ལག་བསྟར་གྱིས་ཀན་སུའུ་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་དོ་དམ་པ་དང་རྐང་འཛིན་དགེ་རྒན་གསོ་སྦྱོང་བྱས་ཤིང་། སླད་ཕྱིན་ཁོང་ཚོ་བརྒྱུད་དམིགས་བསལ་སློབ་གསོའི་ལས་དོན་པ་སྔར་བས་མང་པོའི་ཆེད་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་དང་། པེ་ཅིང་པའེ་ཏུའུ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས། པེ་ཅིང་དགེ་འོས་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“པའེ་ཏུའུ་དགེ་སྡུད་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ལ་རོགས་སྐྱོར་གྱི་འཆར་གཞི”2017ལོར་ལག་ལེན་བསྟར་འགོ་བཙུགས་པའི་དམིགས་ཡུལ་ནི་རང་རྒྱལ་གྱི་གཞི་རིམ་གྱི་དམིགས་བསལ་སློབ་གསོའི་དགེ་རྒན་གྱི་ཆེད་ལས་ཅན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བའི་ཆེད་དུ་རེད། 2018ལོའི་ལོ་འཁོར་དུ་པེ་ཅིང་པའེ་ཏུའུ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་སྒོར་ཁྲི་150བརྒྱབ་པ་དང་ཁ་ཕྱོགས་གཏན་འཁེལ་གྱི་རྣམ་པའི་ཐོག་ནས་ཀན་སུའུ་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་དོ་དམ་པ་དང་རྐང་འཛིན་དགེ་རྒན་པེ་ཅིང་དགེ་འོས་སློབ་ཆེན་དུ་གསོ་སྦྱོང་བྱེད་པར་བསྡུས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།