འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གྲོང་ཁྱེར་དུ་གྲོང་ཚོའི(སྡེ་ཁུལ)མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་
    གྲོན་དངུལ་ཁྱོན་ཡོངས་ལ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མ་དངུལ་ཚད་བཀག་ཡོད་པའི་ཞན་ཆ་སྔར་བས་གསབ་ཆེད། ཟི་ལིང་གྲོང་ཁྱེར་གྱིས“མཐའ་གཅིག་ཏུ་གཉིས”ཚད་གཞིར་བཟུང་བ་དང“མཐའ་གཅིག་ཏུ་གཉིས”གཞི་རྟེན་དུ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ་མཐོ་རུ་གཏོང་རྒྱུ་དེ་ཉིད་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀར་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སྡེ་ཁུལ་160ཡི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ་སྡེ་ཁུལ་རེར་ལོ་རེར་སྒོར་ཁྲི་10ནས་སྒོར་ཁྲི་20བར་མང་དུ་བཏང་ཞིང་། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ་917མི་རེ་ངོ་རེར་ལོ་ལྟར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ་སྒོར་ཁྲི་5ཐོག་མར་སྤྲད་པར་ལོ་རེར་ཁྱོན་བསྡོམས་སྒོར་ཁྲི་7785ཟིན་ནས་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ལ་མང་ཚོགས་ཀྱི་ལས་དོན་བསྒྲུབ་པའི་མ་དངུལ་འདང་ངེས་ཡོད་པའི་འགན་ལེན་བྱས་པ་རེད།
           མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ་བེད་སྤྱོད་ལུགས་མཐུན་དང་། དོ་དམ་ཚད་ལྡན། ཕན་འབྲས་ཆེ་ཤོས་ཐོན་པ་བཅས་ཡོང་ཆེད། ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་ཡིས་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟག་དཔྱད་བརྟག་ཞིབ་བྱས་ཏེ་གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་མ་ཟད་གྲོང་ཁྱེར་དམངས་སྲིད་ཅུས་དང་ནོར་སྲིད་ཅུས་དང་མཉམ་དུ་《གྲོང་གསེབ་ཀྱི(སྡེ་ཁུལ)མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ་དོ་དམ་བྱ་ཐབས་》བཟོས་ནས་བཏོན་པ་རེད། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ“དམངས་དོན་དམངས་གྲོས་དང་དམངས་དོན་དམངས་བཀོད”ཀྱི་རྩ་དོན་གཞིར་བཟུང་ཆེད་སྤྱོད་གྲོན་དངུལ་གྱི“སྤྱོད་ཆོག་པ་བདུན་དང་སྤྱོད་མི་ཆོག་བཞི”ཡི་བེད་སྤྱོད་ཁྱབ་ཁོངས་ཁ་གསལ་བཟོས་པ་སྟེ། གཙོ་བོ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་བའི་སྤྱི་ཕན་གྱི་དམངས་འཚོའི་སྒྲིག་བཀོད་དང་རིག་གནས་ལུས་རྩལ་བྱེད་སྒོའི་སྒྲིག་བཀོད་ཉམས་གསོ་སྲུང་སྐྱོང་དང་། སྤྱི་ཚོགས་རྩ་འཛུགས་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་རྩ་འཛུགས་སུ་ཏང་རྩ་འཛུགས་འཕེལ་རྒྱས་གཏོང་བ། དང་བླངས་པའི་དཔུང་ཁག་འཛུགས་པ་དང་དང་བླངས་ཞབས་ཞུ་སྤེལ་བ་སོགས་ལ་སྤྱོད་ཆོག་པ་དང་། གྲོང་ཚོའི(སྡེ་ཁུལ)རང་ངོས་ཀྱི་གཞུང་ལས་ཆ་རྐྱེན་ལེགས་གཏོང་དང་གཞུང་ལས་སྒྲུབ་ཡུལ་འཛུགས་སྐྲུན་དང་། རྒྱུན་གཏན་གྱི་འགྲོ་སོང་གཏོང་སྒོ། ནོར་སྲིད་ནས་གྲོན་དངུལ་བཏང་བའི་རྣམ་གྲངས་དང་སྡེ་ལས་ཚན་པས་འགན་འཁུར་དགོས་པའི་གྲོན་དངུལ་སོགས་ལ་སྤྱོད་མི་ཆོག་པ་ཁ་གསལ་བཟོས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་སྤྱོད་གྲོན་དངུལ་སྐར་ལི་གཅིག་ཡིན་ཡང་མང་ཚོགས་ཀྱི་དགོས་མཁོ་ཡོད་སར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།