འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་ཁོར་ཡུག་ཐད་མཉམ་འགུལ་ཁྲིམས་འཛིན་བྱས་ཏེ་
    རླུང་ཁམས་ཆེ་མོ་དང་ཆུའི་སྦགས་བཙོག་ལ་དམིགས་པའི་བཅོས་སྐྱོང་བྱེད་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་པེ་ཅིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཁྲིམས་སྐྱོང་མཉམ་འགུལ་ལམ་སྲོལ་གྱི་འབྲེལ་གཏུག་ཚོགས་འདུ་ཐེངས་5པ་འཚོགས་ནས། 2018ལོ་ནས་2019ལོ་བར་གྱི་ས་ཁོངས་ཁོར་ཡུག་གི་མཉམ་འགུལ་ཁྲིམས་འཛིན་གཙོ་གནད་ལས་དོན་སྐོར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་མ་ཟད། ཏ་ཆིང་གཙང་པོ་དང་པའེ་དབྱང་ཏེན་ཆུ་རྒྱུད་ཀྱི་ཆུའི་ཁོར་ཡུག་ལ་མཉམ་འབྲེལ་ཐོག་ཁྲིམས་འཛིན་བྱེད་འགོ་ཡང་བཙུགས་པ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་དང་སང་ལོ་གཉིས་ནང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ས་ཁོངས་ཀྱི་སྦགས་བཙོག་མཉམ་འགོག་མཉམ་སྡོམ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་མཉམ་འགུལ་ཁྲིམས་འཛིན་བྱས་ཏེ་ས་ཁོངས་བརྒལ་བ་དང་ཆུ་རྒྱུད་བརྒལ་བའི་ཁོར་ཡུག་སྦགས་བཙོག་གི་གནད་དོན་དང་། ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་ཐུན་མོང་ཐོག་གྲལ་བཤེར་བྱེད་པ་དང་ཐག་གཅོད་བྱས་ནས་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།