འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་བྱང་གི་ནུས་རྒྱུ་གསར་པའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ལོ་བརྒྱད་ནང་ལྡབ་
    40འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་ནུབ་བྱང་གློག་ཤུགས་སྙོམས་སྒྲིག་ཚོད་འཛིན་ཡན་ལག་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2018ལོའི་ཟླ་5པའི་ཟླ་མཇུག་བར་ནུབ་བྱང་གློག་དྲ་ནུས་རྒྱུ་གསར་པའི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་ཆན་ཝ་ཁྲི་8153ཟིན་ནས་ནུབ་བྱང་གི་གློག་དྲ་ཧྲིལ་པོའི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་34%ཟིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་བཅུའི་ནང་ནུབ་བྱང་ས་ཁུལ་གྱི་ནུས་རྒྱུ་གསར་པ་འཕར་ཚད་ཤིན་ཏུ་མགྱོགས་པོ་བྱུང་ནས“བྱང་གསུམ”ས་ཁུལ་གྱི་འཕར་ཚད་མགྱོགས་ཤོས་ཀྱི་ས་ཁོངས་སུ་གྱུར་ཡོད་པ་རེད། 2009ལོ་ནས་2017ལོ་བར་གྱི་ལོ་8ནང་། ནུབ་བྱང་གློག་དྲའི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ལྡབ་40འཕར་བ་དང་། ས་ཁུལ་ཁག་གཅིག་གི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཐེག་ཚད་ཡོ་རོབ་ཀྱི་རྒྱལ་ཁབ་ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།