འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྲན་འགོག་སྨན་གྱི་རིན་གོང་གཅོག་པའི་སྲིད་ཇུས་གསར་པ་རིམ་བཞིན་དོན་འཁྱོལ་ཐུབ་
    རྒྱུར་སྐུལ་འདེད་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནད་པ་དེ་བས་མང་བས་སྐྲན་འགོག་སྨན་བདེ་བླག་ངང་སྤྱོད་ཐུབ་པ་བྱ་ཆེད། སྲིད་ཇུས་གསར་པ་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྐྲན་འགོག་སྨན་གྱི་རིན་གོང་གཅོག་པའི་ལས་དོན་མགྱོགས་པོ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། དེའི་ནང་། རེས་སྐོར་གསར་པའི་སྐྲན་འགོག་སྨན་སྨན་བཅོས་འགན་བཅོལ་གྱི་འཇུག་འཐུས་གྲོས་མོལ་ལས་དོན་སྔོན་དཔག་ལྟར་ན་ཟླ་9པའི་ཟླ་མཇུག་གོང་དུ་ལེགས་གྲུབ་ཐུབ་རྒྱུ་རེད།
         དེ་གོང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས“རིན་གོང་ཧ་ཅང་མཐོ་བའི་སྐྲན་འགོག་སྨན”ལ་དེ་མཚུངས་ཀྱི་བྱ་ཐབས་སྤྱད་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ནད་ཐོག་གི་རྒྱུན་སྤྱོད་དང་། ཕན་ནུས་ཆེན་པོ་ལྡན་པའི་སྨན་རྫས་ཕལ་ཆེ་བ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད་པ་དང་། ལྷག་དོན་དུ་2017ལོར་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་འཇུག་འཐུས་གྲོས་མོལ་བྱས་ནས་རིན་གོང་ཅུང་མཐོ་བའི་སྐྲན་ནད་འགོག་བཅོས་ཀྱི་སྨན་དཔེར་ན། ཧའོ་སའེ་ཏིང་དང་། ལུའོ་མེ་ཧྭ། དབན་ཁོ་སོགས་ཁག་15སླར་ཡང་དེའི་ནང་བཅུག་ཡོད་པ་རེད། རིན་གོང་གཅོག་རྒྱུར་གྲོས་མོལ་བྱས་པ་དང་དེ་བཞིན་སྨན་བཅོས་འགན་བཅོལ་རྩིས་ཞུའི་ཕན་འབྲས་ཉིས་བརྩེགས་ཐོན་པར་བྱས་པ་བརྒྱུད་ནད་པ་མི་སྒེར་གྱི་ཁུར་པོ་ཡང་དུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།