འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།པའོ་ཏིང་ཆུས་ཡང་སོགས་རྫོང་དང་གྲོང་ཁྱེར་ཆུས་5ལ་སྐོང་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྣོད་བཅུད་ཁོར་ཡུག་པུས་པའོ་ཏིང་ཆུས་ཡང་རྫོང་དང་། པེ་ཅིང་ཐུང་ཀྲོའུ་ཆུས། ཧྲེ་ཅ་ཀྲོང་ཀྲའོ་རྫོང་། ཅིང་གྲོང་གྲོང་ཁུལ། ཤིན་ཤང་ཧུའེ་ཤན་གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་གི་འགན་འཁུར་བ་གཙོ་བོར་སྐོང་འདྲི་བྱས་ནས་རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་དང་ལས་ཀའི་འགན་འཁྲི་ལྕི་རུ་གཏོང་རྒྱུར་ལྟ་སྐུལ་སྐུལ་འདེད་བཏང་བ་རེད།
         འདི་ལོའི་ཟླ་6ཚེས་11ཉིན་ནས་ཟླ་7ཚེས་8ཉིན་བར་སྣོད་བཅུད་ཁོར་ཡུག་པུས་པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་དང་དེ་བཞིན་ཉེ་འགྲམ་གྱི་ས་ཁུལ“2+26”གི་གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་ཐེངས་གཉིས་བཏང་བས་ས་ཁུལ་ཁག་གིས་རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་རླུང་ཁམས་ཆེ་མོ་དང་ཁོར་ཡུག་གི་གནད་དོན་ཁག་5204ཐོན་ཡོད། དེའི་ནང་པའོ་ཏིང་ཆུས་ཡང་རྫོང་གི་གནད་དོན་གྱི་གྲངས་འབོར་མང་ཤོས་ཡིན་པ་དང་། པེ་ཅིང་ཐུང་ཀྲོའུ་ཆུས་ཀྱི་གནད་དོན་གྱི་གྲངས་འབོར་ཨང་གཉིས་པར་སླེབས་པ། ཧྲེ་ཅ་ཀྲོང་ཀྲའོ་རྫོང་དང་ཅིང་གྲོང་གྲོང་ཁུལ་ལ་རེས་སྐོར་གཉིས་པའི་ལྟ་སྐུལ་བྱེད་རིང་གནད་དོན་གྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ། ཤིན་ཤང་ཧུའེ་ཤན་གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་བཅོས་སྐྱོང་ལས་དོན་ཁག་གཅིག་ནན་པོ་མེད་པ་དང་ཏན་ཏིག་མེད་པའི་གནད་དོན་ཡོད་པ་རེད།
         སྐོང་འདྲི་བྱེད་རིང་། པའོ་ཏིང་ཆུས་ཡང་རྫོང་དང་། པེ་ཅིང་ཐུང་ཀྲོའུ་ཆུས། ཧྲེ་ཅ་ཀྲོང་ཀྲའོ་རྫོང་། ཅིང་གྲོང་གྲོང་ཁུལ། ཤིན་ཤང་ཧུའེ་ཤན་གྲོང་ཁྱེར་བཅས་རྫོང(གྲོང་ཁྱེར་དང་ཆུས)5ཡི་སྲིད་གཞུང་གིས་ངོས་འཛིན་སྔར་བས་ཆེ་རུ་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རྒྱུན་འཁྱོངས་ལྷོད་མེད། འགན་འཁྲི་ནན་དུ་གཏོང་བ། བྱ་ཐབས་ཤུགས་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་ཁོར་ཡུག་གི་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་པ་དང་དུས་མཚུངས། ཕུགས་ཕན་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། སྐོང་འདྲིའི་ཐོག་བཏོན་པའི་གནད་དོན་ལ་དམིགས་ནས་ཟུར་བསྟན་ལེབ་མཐོང་བྱེད་པ་དང་འབྲེལ། ལས་ཀའི་དུས་ཚོད་ཉིན་20ཡི་ནང་ཚུན་དུ་དག་ཐེར་གྱི་ཇུས་གཞི་སྣོད་བཅུད་ཁོར་ཡུག་པུའུ་ལ་སྐྱེལ་བ་མ་ཟད། ད་དུང་འབྲེལ་ཡོད་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་བཤུས་འབུལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         སྐོང་འདྲིའི་ཚོགས་འདུའི་ཐོག རྫོང(གྲོང་ཁྱེར་དང་ཆུས)5ཡི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་གཏམ་བཤད་སྤེལ་ནས་ལྷག་བསམ་ཟོལ་མེད་ངང་སྐོང་འདྲི་དང་ལེན་ཞུས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ཕྱོགས་ཡོངས་ནས་དག་ཐེར་བྱེད་པ། ཟུར་བསྟན་ལེབ་མཐོང་། འགན་འཁྲི་རྩད་གཅོད་ནན་པོ་བཅས་བྱས་ཏེ་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།