འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི“ཀུན་གསལ་ཉེན་རྟོག་ལས་དོན”ལས་སྟེགས་ཀྱིས་མང་ཚོགས་ལ་ཞབས་ཞུ་མཁོ་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཆའོ་ཅུན་གྱིས་སྤྱི་བདེའི་ལས་ཀ་བྱས་ནས་ལོ་10སོང་ཞིང་། འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ནས་སྲིད་དོན་ལྟ་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་བྱས་ཡོད། ཁོང་གིས“ཀུན་གསལ་ཉེན་རྟོག་ལས་དོན”ནི“སྤྱིར་ན་འགྲིམ་འགྲུལ་ལས་འཛོལ་ལག་ཐོགས་ཁ་པར་གྱི་APPཐོག་ནས་ཐག་གཅོད་བྱེད་པ་དང་ཉེན་རྟོག་ལས་དོན་གྱི་ཆ་འཕྲིན་དང་། འགན་དབང་གསལ་ཐོ། མང་ཚོགས་བློ་ཡིད་ཚིམ་ཚད་སོགས་ཚང་མ་ལས་སྟེགས་དེ་བརྒྱུད་དོ་དམ་དང་བཤེར་ཐུབ་ཀྱི་ཡོད། འདི་ནི་མང་ཚོགས་ཀྱི་རེ་བ་སྒྲུབ་པའི་སྒྱུར་བཅོས་ཤིག་རེད”ཅེས་བརྗོད་བྱུང་།
            འདི་ལོ་ཚུན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་སྤྲིན་རྩིས་ལག་རྩལ་དོ་དམ་སྤྱད་དེ་སྤྱི་བདེའི་ལས་དོན་གྱི་རྨང་གཞིའི་གྲངས་གཞི་དོ་དམ་བྱེད་པ་དང་ཆ་འཕྲིན་ཅན་གྱི་ཐོག་ནས“ཀུན་གསལ་ཉེན་རྟོག་ལས་དོན”གྱི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་བའི་ཐོག་ནུས་ཤུགས་ཡོད་རྒུས་སྦར་མཐིལ་གྱི་ཞབས་ཞུ་དང་སོར་རྩེའི་ཡོངས་བསྒྲགས་ཐོག་ནས་སྤྱི་བདེའི་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།