འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེན་ཤིས་ཀྱིས་པེ་ཏའེ་ཧོ་རུ་དབྱར་གསེང་ངལ་གསོ་རྒྱག་མཁན་རིགས་གཅིག་མཁས་ཅན་ལ་གཟིགས་པ་དང་
    འཚམས་འདྲི་གནང་སྐབས། རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་
    གསར་པར་བྱས་རྗེས་འཇོག་དགོས་པའི་ནན་བཤད་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བཞིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཤིས་ཀྱིས་པེ་ཏའེ་ཧོ་རུ་དབྱར་གསེང་ངལ་གསོ་རྒྱག་མཁན་རིགས་གཅིག་མཁས་ཅན་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བསམ་འཆར་དང་གྲོས་འགོ་གསན་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གཟིགས་པ་དང་འཚམས་འདྲི་གནང་བར་ལྷན་དུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
              ཁྲེན་ཤིས་ཀྱིས་རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་རྒྱལ་གཅེས་ཀྱི་སེམས་ཤུགས་ཆེན་པོ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགྱུར་མེད་ཀྱི་འདུན་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་གཅེས་དང་ལེགས་སྐྱེས་འབུལ་བའི་སྤྲོ་སེམས་དེ་གསར་གཏོད་དང་གསར་སྐྲུན་གྱི་ཟད་མེད་སྒུལ་ཤུགས་སུ་སྒྱུར་བ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་འབྱོར་རྒྱལ་ཁབ་བསྐྲུན་པའི་རླབས་ཆེན་གྱི་བྱ་གཞག་ནང་སྤྱོད་པ། མི་ཚེའི་ཕུགས་བསམ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་འབད་བརྩོན་ལྷོད་མེད་ཁྲོད་མཉམ་འདྲེས་ཐུབ་པ་བཅས་བྱེད་དགོས། དུས་རབས་ཀྱི་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། ཚན་རྩལ་གྱི་ཡང་རྩེར་འཛེག་པ། ཐོག་མའི་གསར་རྩོམ་རང་བཞིན་གྱི་རིགས་པའི་གཞུང་ལུགས་དེ་བས་མང་བ་འདོན་པའི་བརྩོན་ལེན་བྱེད་པ། ཐོག་མའི་གསར་རྩོམ་དེ་བས་མང་བ་ཤེས་རྟོགས་ཐུབ་པ། འགག་རྩའི་ལྟེ་བའི་ལག་རྩལ་ཐད་རང་རྒྱལ་གྱིས་རང་བརྟེན་ཚོད་འཛིན་ཧུར་ཐག་ཐུབ་པ་བཅས་བྱས་ནས་གསར་གཏོད་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་སྟངས་འཛིན་ཐུབ་པར་བྱེད་དགོས། ཁ་བཤད་དཔེ་སྟོན་བྱེད་པ་དང་། རྗེས་རབས་པའི་སྣེ་ཁྲིད་པ། ན་གཞོན་ཚན་རྩལ་ཤེས་ལྡན་པར་སྤྲོ་སེམས་འཁོལ་བའི་སེམས་ཁུར་དང་། ཁྲིད་སྟོན། མཛུབ་ཁྲིད་བྱེད་པ། ཤེས་ལྡན་པ་ཤེས་རྟོགས་དང་། གསོ་སྐྱོང་། འོས་སྦྱོར་རྒྱུན་ཆད་མེད་པར་བྱེད་པ། རྩེར་སོན་གསར་གཏོད་ཤེས་ལྡན་པས་ནུས་རྩལ་ཀུན་འདོན་ཐུབ་རྒྱུར་ཐབས་ལམ་འདིང་བ། བློ་གྲོས་དང་དྲོ་སྐྱིད་ཀྱི་ལག་ཟུང་རྐྱོང་བ་བཅས་བྱས་ནས་ན་གཞོན་གྱི་འབྱུང་འགྱུར་ལ་འདེགས་སྐྱོར་བྱེད་པ་དང་འབྲེལ་རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་འབྱུང་འགྱུར་ལ་འདེགས་སྐྱོར་བྱེད་དགོས། རྩ་འཛུགས་སྡེ་ཚན་གྱིས་འགན་ནུས་དང་ཟུང་འབྲེལ་བྱེད་པ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གདེང་འཇོག སྐོར་སྐྱོད། སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ནས་རིགས་ཁག་གི་ཤེས་ལྡན་མི་སྣས་གསར་གཏོད་གསར་སྐྲུན་བྱ་རྒྱུར་ཁོར་ཡུག་བཟང་པོ་ནུས་ལྡན་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།