འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཧིན་རྡུ་ཉི་ཞི་ཡའི་ཅུས་སྒང་གྲོང་ཁྱེར་གྱི་ལྕགས་
    ལམ་ཆུང་གྲས་ཀྱི་ལམ་ཐིག་ཧྲིལ་པོར་འཁོར་སྐྱོད་ཚོད་ལྟ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཀྲུང་གོ་མཚོ་ཁུག(ཧིན་རྡུ་ཉི་ཞི་ཡ)ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེས་སྐྲུན་འགན་འཁུར་བའི་ཧིན་རྡུ་ཉི་ཞི་ཡའི་ཅུས་སྒང་གྲོང་ཁྱེར་གྱི་ལྕགས་ལམ་ཆུང་གྲས་ཐོག་མའི་ལམ་ཐིག་ཧྲིལ་པོར་འཁོར་སྐྱོད་ཚོད་ལྟ་བྱས་ཏེ་ཟླ་8པའི་ཟླ་དཀྱིལ་དུ་འགོ་འཛུགས་རྒྱུའི་2018ལོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་འགྲིམ་འགྲུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་རེད།
         ཧིན་རྡུ་ཉི་ཞི་ཡའི་ཅུས་སྒང་གྲོང་ཁྱེར་གྱི་ལྕགས་ལམ་ཆུང་གྲས་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་45ཡོད་པ་དང་ལྕགས་ལམ་འགོ་ཚུགས་ས་དང་མཇུག་འགྲིལ་ས་ནི་ཅུས་སྒང་རྒྱལ་སྤྱིའི་གནམ་ཐང་དང་ཅུས་སྒང་ཀྲ་གཱ་པ་ལིན་ལུས་རྩལ་ལྟེ་གནས་ཡིན་པ་དང་ལམ་རྒྱུད་དུ་སྒྲོམ་གཞི་མཐོ་བའི་བབས་ཚུགས་13བཟོས་ཡོད་པ་རེད། རྣམ་གྲངས་ཀྱི་ལྕགས་ལམ་འདིང་བའི་དུས་ཚོད་ཟླ་བ་14འགོར་བ་དང་འདི་ལོའི་ཟླ་4ཚེས་30ཉིན་ལེགས་སྒྲུབ་ཟིན་པ་དང་སྦྲགས་འཁོར་སྐྱོད་ཚོད་ལྟའང་བྱས་པ་རེད། ཟླ་7ཚེས་23ནས་30ཉིན་བར་ཕྱི་ཕྱོགས་སུ་རིན་མེད་ངང་སྒོ་དབྱེ་བ་རེད།
          ཀྲུང་གོ་མཚོ་ཁུག(ཧིན་རྡུ་ཉི་ཞི་ཡ)ཚད་ཡོད་འགན་འཁྲི་ཀུང་སིའི་འགན་ཁུར་བས་ལྕགས་ལམ་ཆུང་གྲས་དེ་བསྐྲུན་ཟིན་རྗེས་2018ལོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་འགན་འཁུར་རྒྱུ་རེད། དེས་ས་གནས་དེ་གར་ལས་གནས་ཆིག་སྟོང་ཙམ་མཁོ་འདོན་ཐུབ་རྒྱུ་མ་ཟད། ད་དུང་ཅུས་སྒང་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཀྱང་ཆུང་དུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         སྐབས་18པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དེ་2018ལོའི་ཟླ་8ཚེས་18ཉིན་ནས་ཟླ་9ཚེས་2ཉིན་བར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་དང་ཧིན་རྡུ་ཉི་ཞི་ཡའི་ལྷོ་སུའུ་མོན་ཏ་ལ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཅུས་སྒང་སོགས་སུ་གཉེར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།