འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་རྒྱའི་རིག་གནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྲ་ཚིགས་27གཅིག་
    སྡུད་ཐོག་ཁྲིམས་འཛིན་ཞིབ་བཤེར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། དྲ་རྒྱའི་རིག་གནས་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་མ་རབས་ཐ་ཤལ་གྱི་ནང་དོན་ཚུད་པའི་དྲ་རྒྱའི་རིག་གནས་ཐོན་རྫས་ཞིབ་བཤེར་ནན་པོ་བྱ་ཆེད། རིག་གནས་དང་ཡུལ་སྐོར་པུས་ཆེད་དོན་ཞིབ་བཤེར་ཐག་གཅོད་ཀྱི་ལས་དོན་སྤེལ་རྒྱུར་བཀོད་སྒྲིག་བྱས་ཏེ། ནང་དོན་སྒྲིག་ཁྲིམས་ལས་འགལ་བའི་དྲ་རྒྱའི་རིག་གནས་གཉེར་སྐྱོང་ཚན་པ་འགའ་ཞིག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། དྲ་རྒྱའི་སྒུལ་བརྙན་དང་དྲ་རྒྱའི་རོལ་དབྱངས་ཁྲོམ་རའི་གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ་དྲ་རྒྱའི་སྒུལ་བརྙན་དང་དྲ་རྒྱའི་རོལ་དབྱངས་དྲ་ཚིགས་27ཞིབ་བཤེར་བྱ་ཡུལ་གྱི་མིང་ཐོའི་ནང་བཅུག་པ་རེད།
         གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའི་རིག་གནས་ཁྲོམ་ར་སི་ནས་ཤེས་རྟོགས་བྱུང་བར། དྲ་རྒྱའི་རིག་གནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། རིག་གནས་དང་ཡུལ་སྐོར་པུས་ཉེ་ཆར་གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་སྒྲིག་འཛུགས་བྱས་ནས་དྲ་རྒྱའི་སྒུལ་བརྙན་དང་དྲ་རྒྱའི་རོལ་དབྱངས་གཉེར་སྐྱོང་ཚན་པ་གཙོ་བོ་27ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། གཡེམ་སྦྱོར་འདོད་ལོག་དང་མ་རབས་ཐ་ཤལ་དང་། དྲག་ཤུགས་དར་སྤེལ། ཉེས་གསོག་ངན་སྐུལ། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལས་འགལ་བ་སོགས་བཀག་སྡོམ་གྱི་ནང་དོན་ཚུད་པའི་དྲ་རྒྱའི་སྒུལ་བརྙན་དང་དྲ་རྒྱའི་རོལ་དབྱངས་ཐོན་རྫས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ཡོད། བཀག་སྡོམ་གྱི་ནང་དོན་ལྡན་པའི་དྲ་རྒྱའི་རིག་གནས་ཐོན་རྫས་ཤེས་ཚེ་རིག་གནས་དང་ཡུལ་སྐོར་པུས་ཞིབ་བཤེར་ཐག་གཅོད་མྱུར་པོ་དང་ནན་པོ་བྱ་རྒྱུ་དང་ཆབས་ཅིག སྤྱི་ཚོགས་ལ་ཞིབ་བཤེར་ཐག་གཅོད་ཀྱི་འབྲས་བུ་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ་རེད། རིག་གནས་དང་ཡུལ་སྐོར་པུས་དེ་དང་ཆབས་ཅིག དྲ་རྒྱའི་རིག་གནས་ཁྲོམ་རའི་གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་གྱི་ཐེར་འདོན་ཁ་པར་010—59881010དང་ཐེར་འདོན་ལས་སྟེགས་www.12318.gov.cnཡོངས་བསྒྲགས་བྱས་པ་དང་སྤྱི་དམངས་ཀྱིས་དྲ་རྒྱའི་སྒུལ་བརྙན་དང་དྲ་རྒྱའི་རོལ་དབྱངས་གཉེར་སྐྱོང་ཚན་པའི་སྒྲིག་ཁྲིམས་ལས་འགལ་རིགས་ཐེར་འདོན་དང་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།