འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བྱ་ཐབས་སྣ་མང་ལ་བརྟེན་ནས་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་ཕྱོགས་
    གཉིས་གནས་སྦྱར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་དངུལ་རྩའི་གཞུང་ལས་ཁང་གིས་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་ཕྱོགས་གཉིས་གནས་སྦྱར་ལས་དོན་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ཡོངས་ཁུངས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། འཚོལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོབ་ཐང་གི་ཆ་རྐྱེན་ནན་དུ་གཏོང་བ། གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ལ་བརྟེན་ནས་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་ཕྱོགས་གཉིས་གནས་སྦྱར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས“རང་ཡུལ་ཅན”གྱི་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣ་གསོ་སྐྱོང“ནང་ཁུལ་འཁོར་རྒྱུག”ནས“ས་ཁོངས་ཀྱིས་མཉམ་དུ་གསོ་སྐྱོང”བྱེད་པའི་བར་འགྱུར་ལྡོག་བཏང་ནས་ཆབ་སྲིད་ཐད་བྱང་ཆུབ་པ་དང་། སྤྱོད་ཚུལ་ལེགས་པ། ལས་སྒོ་བྱང་ཆུབ་པ། མཚོ་སྔོན་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་རིམ་བཞིན་བཏོད་དེ“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་དེ་བས་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་ཞིག་སྐྲུན་ཆེད་དངུལ་རྩའི་ཤེས་ལྡན་མི་སྣ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། འབུམ་རམས་པའི་ཞབས་འདེགས་ཚོགས་པ་དང་ཁ་གཏད་གཞོན་སྐྱོར་སོགས་ལས་སྟེགས་དང་ཐབས་ལམ་གང་ལེགས་སྤྱད་དེ་ཀྲུང་དབྱང་དངུལ་རྩའི་ལྟ་ཞིབ་དོ་དམ་སྡེ་ཚན་དང་། ཀྲུང་དབྱང་དངུལ་རྩའི་སྒྲིག་གཞིའི་སྤྱི་ཁྱབ་པུའུ། མ་རྐང་ལམ་ལུགས་ཀྱི་དངུལ་རྩའི་སྒྲིག་གཞིའི་སྤྱི་ཁྱབ་པུའུ། ཡན་ལག་སྒྲིག་གཞི་བཅས་ཀྱིས་རྒྱལ་ནང་གི་དངུལ་རྩའི་ལས་རིགས་ཐད་ཆུ་ཚད་ཅུང་མཐོ་བ་དང་དེང་རབས་ཀྱི་དངུལ་རྩའི་ལས་སྒོ་བྱང་ཆུབ་པའི་ཕུལ་བྱུང་ལས་བྱེད་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་རིམ་བཞིན་ཆེ་རུ་གཏོང་བ་དང་འབྲེལ་ནང་འདྲེན་ལས་བྱེད་ཤེས་ལྡན་མི་སྣའི་གོ་གནས་གཞིར་བཟུང་། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)སུ་དངུལ་རྩའི་གྲོང(ཀྲོའུ)སྤྱི་གཞོན་པ་དང་རྫོང(གྲོང་ཁྱེར་དང་ཆུས)དཔོན་གཞོན་པའི་འགན་འཁུར་བར་གཏོང་རྒྱུ་དང་ཀྲུང་དབྱང་གི“པུའུ་ཨུད་གསུམ”གྱི་གནས་སྦྱར་སྦྱོང་བརྡར་གཞི་རྟེན་དུ་བྱས་ནས་དངུལ་རྩའི་ལས་དོན་གྱི་ཤེས་བྱ་དང་། གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)ཏང་སྲིད་ཚན་ཁག་གི་ཁོངས་མིའམ་ཡང་ན་ཞིང་ཆེན་དང་གྲོང་ཁྱེར(ཀྲོའུ)གྱི་དཔལ་འབྱོར་དངུལ་རྩའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཀྲུང་དབྱང་དང་ཞིང་ཆེན་ཕྱིའི་དངུལ་རྩའི་སྒྲིག་གཞིར་གནས་སྦྱར་སྦྱོང་བརྡར་དུ་གཏོང་རྒྱུར་སྣང་ཆེན་བྱས་ནས་ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         དེ་དང་དུས་མཚུངས་སུ་མཚོ་སྔོན་དུ་བཅའ་སྡོད་ཀྲུང་དབྱང་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་དངུལ་རྩའི་ཡན་ལག་ཉིང་ལག་སྒྲིག་གཞིའི་འབྲེལ་མཐུད་མཐུན་སྦྱོར་ལ་གཙོ་གནད་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་ཁོངས་གཏོགས་ཀྱི་དངུལ་རྩའི་ཁེ་ལས་ཀྱི་ལེགས་ཆ་སྤྱད་དེ། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་བྱེད་ཤེས་ལྡན་མི་སྣའི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་དང་། གྲོང་ཁྱེར(ཀྲོའུ)དང་རྫོང(གྲོང་ཁྱེར་དང་ཆུས)གི་ཡན་ལག་ཉིང་ལག་སྒྲིག་གཞིར་བཅའ་སྡོད་ཀྲུང་དབྱང་དངུལ་རྩའི་སྒྲིག་གཞིའི་འགན་འཁུར་བ་ས་གནས་དེ་གའི་སྲིད་གཞུང(གླིང་ཁུལ་ཚུད་པ)དང་འབྲེལ་ཡོད་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་གནས་སྦྱར་སྦྱོང་བརྡར་གྱི་ཚོད་ལྟའི་ལས་དོན་གཙོ་གནད་སྤེལ་བ། ས་གནས་སྲིད་གཞུང་གི་དཔལ་འབྱོར་དང་དངུལ་རྩའི་ལས་སྒོའི་རྐང་འཛིན་པ་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞིར་གནས་སྦྱར་སྦྱོང་བརྡར་དུ་སྐྱོད་པའི་ལས་དོན་མུ་མཐུད་སྤེལ་བ། ཞིང་ཆེན་དང་གྲོང་ཁྱེར(ཀྲོའུ)གྱི་ཐད་གཏོགས་དཔལ་འབྱོར་སྡེ་ཚན་དང་གླིང་ཁུལ་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ལས་བྱེད་པ་མཚོ་སྔོན་དུ་བཅའ་སྡོད་ཀྲུང་དབྱང་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་དངུལ་རྩའི་ཡན་ལག་ཉིང་ལག་སྒྲིག་གཞིར་གནས་སྦྱར་སྦྱོང་བརྡར་གྱི་ལས་དོན་སྤེལ་རྒྱུ་འཚོལ་ཞིབ་ལག་བསྟར་བྱས་ཏེ་ལས་བྱེད་ཤེས་ལྡན་མི་སྣའི་ཕྱོགས་གཉིས་གནས་སྦྱར་གྱི་བར་མཐོངས་སྔར་བས་རྒྱ་ཆེར་གཏོང་བ་དང་གླིང་ཁུལ་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་དངུལ་རྩའི་ཤེས་ལྡན་མི་སྣའི་སྟོབས་ཤུགས་ཆེ་རུ་བཏང་ནས་ས་གནས་སྲིད་གཞུང་དང་དངུལ་རྩའི་སྒྲིག་གཞིའི་ལས་བྱེད་པའི་ཕྱོགས་གཉིས་གསོ་སྦྱོང་སྦྱོང་བརྡར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།