འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་པོ་ཏ་ལར་ཡུལ་སྐོར་གྱི་ལམ་ཐིག་གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་སྤྱི་བསྒྲགས་སྤེལ་ཏེ། ཕོ་བྲང་པོ་ཏ་ལའི་ཡུལ་སྐོར་སྣེ་ལེན་གྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། ཟླ་7ཚེས་23ཉིན་ནས་བཟུང་ད་ལྟ་སྤྱོད་བཞིན་པའི་ཕོ་བྲང་པོ་ཏ་ལའི་ལྟ་སྐོར་ལམ་ཐིག་གི་རྨང་གཞིའི་ཐོག་ལྟ་སྐོར་གྱི་ལམ་ཐིག་གསར་པ་བཏོད་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ“སྤ་སེ་དཀོན་པའི”གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         ཡུལ་སྐོར་བ་མང་བའི་དུས་ཚིགས་སླེབས་པ་དང་བསྟུན། བོད་དུ་ཡུལ་སྐོར་དུ་ཡོང་མཁན་མང་དུ་མངོན་གསལ་དོད་པོ་ཕྱིན་ཡོད་པས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་མཁན་མང་ཤོས་སུ་སླེབས་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཉིན་དེ་རང་ལ་ལྟ་སྐོར་བ་མི་ཐེངས་5000ལྷག་ཙམ་ཟིན་སྐབས་ལམ་ཐིག་གསར་པ་ཕྱེ་ནས་ཉིན་རེར་འོས་མཚམ་གྱིས་སྣེ་ལེན་མང་དུ་གཏོང་རྒྱུ་དང་དུས་མཚུངས། སྒོ་འཛིན་སྔོན་ནས་མངགས་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། (སྔོན་མངགས་བྱ་ཐབས་ནི། ཡུལ་སྐོར་ཚོགས་པ་དག་ཡུལ་སྐོར་ལས་དོན་ཁང་གིས་སྔོན་མངགས་ཀྱི་འགྲོ་ལུགས་གཉེར་དགོས་པ་དང་། ཐར་ཐོར་ཡུལ་སྐོར་བས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ལྟ་སྐོར་བྱེད་པའི་ཉིན་གཅིག་གོང་ལ་སྔོན་མངགས་བྱེད་སའི་སྐར་ཁུང་དུ་བསྐྱོད་ནས་སྔོན་མངགས་བྱེད་དགོས་པ་དང་འབྲེལ་སྔོན་མངགས་སྤ་སེ་རིན་མི་དགོས་པར་བླངས་ཆོག)
        འདི་ལོ་ནས་བཟུང་། བོད་ཡོངས་ཀྱི་ས་ཁོངས་ཡོངས་དང་དུས་མཚམས་གང་སར་ཡུལ་སྐོར་སྲིད་ཇུས་ཀྱི་སྐུལ་འདེད་འོག་བོད་ལྗོངས་སུ་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་རིམ་རྩིས་ལྟར་ན་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1115.61ལ་སྣེ་ལེན་ཞུས་ནས་དུས་མཚུངས་ལས་བཅུ་ཆ་གསུམ་འཕར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།