འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ་གསོན་ཤུགས་གསར་པ་རྒྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ་གསོན་ཤུགས་གསར་པ་རྒྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན། ལོ་ངོ་300ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས——ཀེ་ཊམ་འགྲན་བསྡུར་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་ལ་འཁྲུག་ཆ་བསྣན་པ་རེད།   
        "ཀེ་ཊམ"ནི་བོད་ལུགས་ཀྱི་ཁེ་ལང་སྤོ་ལོ་ཡིན་པ་དང་། དེ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད།
        "ཀེ་ཊམ"འགྲན་བསྡུར་ནི་མཐར་རིང་ཚད་སྨི་1ཡོད་པའི་ཤིང་སྒྲོམ་གྲུ་བཞི་མ་ཞིག་གི་ཐོག་ཏུ་སྤེལ་ཞིང་། མཐའ་བཞིར་ཨི་ཁུང་རེ་ཡོད་ཅིང་། དཀར་ནག་གཉིས་ལས་སྒྲུབ་པའི་རྡོ་སོ་སོར་9རེ་ཡོད་པ་དང་། གཞན་ད་དུང་རྡོ་དམར་པོ་གཅིག་ཤིང་སྒྲོམ་གྲུ་བཞིའི་དཀྱིལ་དབུས་ན་བཞག་པ་དང་། ཚོན་མདོག་དཀར་པོའི་རྡོ་ཨ་མ་དེ་ཕྱོགས་གཉིས་ཀས་སྤྱོད་ཆོག་གི་ཡོད་པ་རེད། འདི་ནི་བོད་ཀྱི་མཛུན་མོས་རྩེད་བའི་ལུས་རྩལ་ཞིག་ཡིན་པ་རེད།
     "ཀེ་ཊམ"འགྲན་བསྡུར་ནི་མི་2ཀྱིས་འགྲན་བསྡུར་བྱས་པ་དང་། ཕྱོགས་གཉིས་པོས་རང་ཉིད་ཀྱི་རྡོ་ཨི་ཁུང་ནང་བླུགས་དགོས་པ་མ་ཟད། ད་དུང་འགྲན་ཡ་ཡི་རྡོ་ཨི་ཁུང་ནང་འཛུལ་རྒྱུ་བཀག་དགོས་ཀྱི་ཡོད།  ལྷ་སའི་རུ་ཁག་གི་འགྲན་ཞུགས་པ་པ་སངས་ཚེ་རིང་གིས་ཉིན་དེའི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་རེད།
         ལོ་རྒྱུས་ཐོག་བོད་མི་རིགས་ཀྱིས་ཐོན་སྐྱེད་དང་ངལ་རྩོལ་ཁྲོད་ཕུན་སུམ་ཚོགས་ཤིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་གཏོད་ཅིང།  ཟླ་དེའི་ཚེས་22ཉིན་ཚོགས་རྒྱུ་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་བའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ནང་མི་རིགས་ཀྱི་ལུས་རྩལ་འགྲན་བསྡུར་རྟ་རྒྱུག་དང་།  གཉའ། ཀེ་ཊམ། རྡོ་བཀྱག་པ།  མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ། འུར་རྡོ། སོགས་རིགས་ཆེན་པོ་9དང་རིགས་ཆུང་བ་21ཡོད་པ་རེད། 
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལུས་རྩལ་པ་241མི་རིགས་ལུས་རྩལ་རྣམ་གྲངས་འགྲན་བསྡུར་ནང་ཞུགས་རྒྱུ་དང་། ཨང་དང་པོ་92བརྩོན་ཆེད་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད། 
    ༄༅།།བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ་གསོན་ཤུགས་གསར་པ་རྒྱས་པ།
    ༄༅།།བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ་གསོན་ཤུགས་གསར་པ་རྒྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།