འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡིས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ཞིབ་མཆན་བརྒྱུད་རིམ་མང་པོ་ཞིག་
    མེད་པ་བཟོས་ནས་འགྲོ་ལུགས་དུས་ཐེངས་གཅིག་ལ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀུའེ་ཀྲོའུ་ཡིས་ཞིབ་མཆན་གྱི་བརྒྱུད་རིམ་མང་པོ་ཞིག་མེད་པ་བཟོས་ནས་འགྲོ་ལུགས་གཉེར་ཐེངས་གཅིག་གིས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་དེ་བས་ནུས་ཆེ་དང་སྟབས་བདེའི་ཞབས་ཞུ་སྒྲུབ་ཐུབ་པ་བྱས་ཡོད།
         གསར་འགོད་པར་ཀུའེ་ཀྲོའུ་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་གསལ། ཀུའེ་ཀྲོའུ་ཡིས་འགན་བཅོལ་ནང་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་མཁོ་འདོན་བྱེད་དགོས་པའི་ཞིབ་མཆན་དང་ཐམ་ག་འགོད་པའི་བརྒྱུད་རིམ་མེད་པ་བཟོས་པའི་ནང་། སྨན་བཅོས་བྱ་ཡུལ་གཞི་རིམ་སྡེ་ཁུལ་རྩ་འཛུགས་དང་། ཡུལ་གཞན་དུ་སྨན་བཅོས་བྱ་ཡུལ་གྱི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི། འབྲེལ་ཡོད་ཀྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་བཅས་ཀྱི་མིང་རྟགས་དང་ཐམ་ག་འགོད་པའི་བརྒྱུད་རིམ་ཚུད་ཡོད། དེ་དང་ཆབས་ཅིག་འགན་བཅོལ་ནང་ཞུགས་མཁན་ཚན་པའམ་ཡང་ན་སྡེ་ཁུལ་གྱིས་མཁོ་འདོན་བྱེད་དགོས་པའི་ཞིབ་མཆན་དང་ཐམ་ག་འགོད་པའི་བརྒྱུད་རིམ་ཆ་ཚང་མེད་པར་བཟོས་ཡོད་པ་རེད།
         འགན་བཅོལ་ནང་ཞུགས་མཁན་གྱིས་《ཀུའེ་ཀྲོའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ(ཤང)གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་རེའུ་མིག་》བརྒྱངས་རྗེས་འགན་བཅོལ་ནང་ཞུགས་ཡུལ་གྱི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་ཡུན་རིང་ཡུལ་གཞན་དུ་བཀོད་སྒྲིག་གི་ཐོ་འགོད་སྙན་སེང་གི་འགྲོ་ལུགས་གཉེར་བར་ཐེངས་གཅིག་བསྐྱོད་ན་འགྲིག་གི་ཡོད་པ་རེད།
         གཞན་ཡང་འགན་བཅོལ་ནང་ཞུགས་མཁན་གྱིས་ཡུན་རིང་ཡུལ་གཞན་དུ་བཀོད་སྒྲིག་གམ་ཡང་ན་སྨན་བཅོས་དང་སྨན་ཁང་བསྒྱུར་བའི་ཐོ་འགོད་བྱེད་སྐབས་ཐད་ཀར་སྨན་བཅོས་བྱ་ཡུལ་གྲོང་ཁྱེར(དེའི་ཁྲོད་པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཧྲང་ཧའེ་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར། ཧའེ་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་སྨན་བཅོས་བྱ་ཡུལ་ཞིང་ཆེན་དུ་ཐོ་འགོད་བྱེད་དགོས)དུ་ཐོ་འགོད་བྱེད་ཆོག་པས། ཞིབ་ཕྲའི་སྨན་བཅོས་ཀྱི་སྨན་ཁང་དམིགས་བཙུགས་མི་བྱ་རྒྱུ་དང་། ཐོ་འགོད་སྙན་སེང་གི་གྲོང་ཁྱེར་ཁྲོད་ཡུལ་གཞན་དུ་སྨན་བཅོས་ཀྱི་ཞབས་ཞུ་སྒྲུབ་པའི་དམིགས་བཙུགས་སྨན་བཅོས་ཀྱི་སྒྲིག་གཞི་ཡོད་ཕྱིན་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་གྱིས་རང་ཉིད་ཀྱི་སྤྱི་ཚོགས་འགན་སྲུང་གཱ་འཁྱེར་ནས་སྨན་བཅོས་བྱས་ན་འགྲིག་གི་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།