འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའུ་ཐེ་ལེ་སིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་
    དམིགས་ཚད་ལག་བསྟར་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་རེ་འབོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་2018ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོའི་ཐོག་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དམིགས་ཚད་ལག་བསྟར་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད།
         ཀུའུ་ཐེ་ལེ་སིས་གོ་ལ་ཧྲིལ་པོས་སྐྱེད་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཉུང་དུ་གཏོང་བ་དང་། རྨང་གཞིའི་སློབ་གསོ་ཁྱབ་ཚད་མཐོ་རུ་གཏོང་བ། གློག་ཤུགས་མཁོ་སྤྲོད་བྱེད་ཚད་ལེགས་སུ་གཏོང་བ་སོགས་ཚང་མའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མོད། འོན་ཀྱང“མི་སུ་ཞིག་ཀྱང་ལུས་མི་རུང་བའི”སྲོག་ཤིང་གི་དམ་བཅའ་མངོན་འགྱུར་བྱེད་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཁྱབ་ཁོངས་ལ་ལར་གཏན་འཁེལ་དམིགས་ཚད་ཀྱི་རྗེས་སུ་ལུས་པའམ་ཕྱིར་བཤོལ་གྱི་གནས་ཚུལ་ཐོན་ཡོད་ཅེས་བཤད།
         ཁོང་གིས་གོ་ལ་ཧྲིལ་པོར་འཚོ་བཅུད་མི་འདང་བའི་མི་གྲངས་ལོ་བཅུའི་ནང་ཐོག་མར་མང་དུ་ཕྱིན་ཡོད། ཕོ་མོ་འདྲ་མཉམ་མེད་པ་སོགས་ཀྱི་གནད་དོན་གྱིས་སྔར་བཞིན་བུད་མེད་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་ཁོང་ཚོའི་གཞི་རྩའི་དབང་ཆ་དང་འཕེལ་རྒྱས་ཀྱི་གོ་སྐབས་འཕྲོགས་ཡོད། གཞན་ཡང་རྒྱུན་མཐུད་ཐུབ་པའི་རྨང་གཞིའི་སྒྲིག་བཀོད་ཐད་གཏོང་རྒྱུའི་འགག་རྩའི་མ་རྩ་ཡང་ཚབས་ཆེན་འདང་གི་མེད་ཅེས་བཤད།
         ཀུའུ་ཐེ་ལེ་སིས་གོ་ལ་ཧྲིལ་པོར་གནམ་གཤིས་འགྱུར་ལྡོག་དང་། དམག་འཁྲུག་གདོང་ཐུག འདྲ་མཉམ་མེད་པ། འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བ། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན། ཡུན་རིང་དབུལ་ཕོངས་དང་བཀྲེས་ལྟོགས་སོགས་ཀྱི་ཚབས་ཆེའི་འགྲན་སློང་འཕྲད་བཞིན་ཡོད། འགྲན་སློང་དེ་དག་ལ་ཁ་གཏད་གཅོག་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཤམ་གསལ་གྱི་ཕྱོགས་ལྔའི་ཐད་ནས་འབད་བརྩོན་བྱེད་པར་ཤུགས་སྣོན་རྒྱག་དགོས། གཅིག གཞོན་ནུའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་གཞོན་ནུ་ཚོས་སློབ་གསོ་ཡག་པོ་དང་ལེན་ཐུབ་པར་བྱེད་དགོས། གཉིས། གོ་ལ་ཧྲིལ་པོའི་དྲོད་ཁང་རླངས་གཟུགས་འབུད་ཚད་ལ་ཚོད་འཛིན་བྱེད་དགོས། གསུམ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ལ་མཁོ་བའི་མ་དངུལ་སྔར་བཞིན་འདང་གི་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནང་ངོས་ཀྱི་ཐོན་ཁུངས་སྐོང་འཐེན་བྱེད་པ་དང་འབྲེལ་རྒྱལ་ཁབ་སྐྱོ་པོར་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་དགོས། བཞི། སྔོན་ཐོན་ལག་རྩལ་གྱི་ལེགས་ཆ་གང་ལེགས་སྤྱད་ནས་མི་ཚང་མར་ཕན་པ་ཐོབ་པར་བྱེད་དགོས། ལྔ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞི་བདེ་དང་བསྟུན་མཁས་ཀྱི་སྤྱི་ཚོགས་ཐུན་མོང་ཐོག་སྐྲུན་དགོས་ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།