འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུ་ཀན་ཏའི“གྲོང་ཁྲིར་ཁྱབ་པའི”རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཝུ་ཀན་ཏའི“གྲོང་ཁྲིར་ཁྱབ་པའི”རྣམ་གྲངས་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལའི་ཁ་ཅི་ལི་SOSབྱིས་པའི་གྲོང་ཚོར་ལག་ལེན་བསྟར་འགོ་ཚུགས་ཤིང་། ་ཀན་ཏའི་ལྷ་ལྕམ་དང་པོ་དང་སློབ་གསོ་ལུས་རྩལ་པུའི་པུའུ་ཀྲང་གཅིག་ལྕོགས་ཀྲེན་ཉི་ཐེ·མུའུ་སའེ་ཝུའེ་ཉི་དང་། ཝུ་ཀན་ཏའི་གསར་འགྱུར་དང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་པུའི་པུའུ་ཀྲང་ཕུའུ་ལེན་ཁེ·ཐུའོ་མུའུ་ཝུའེ་པ་ཙེ། ཝུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲེང་ཀྲུའུ་ཆང་སོགས་མཛད་སྒོར་ཕེབས་པ་རེད།
         “གྲོང་ཁྲིར་ཁྱབ་པའི”རྣམ་གྲངས་ནི་2015ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཏེ་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཐོག་བཏོན་པའི་ཀྲུང་ཧྥེའི་སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་སྤྱོད་ཅིག་རེད། བྱ་སྤྱོད་དེ་སྤེལ་བའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་30ལྷག་ཙམ་གྱི་གྲོང་ཚོ་ཁྲི་1ལ་སྲུང་སྐར་གྲངས་འཛིན་བརྙན་འཕྲིན་བརྡ་རྟགས་མཐུད་རྒྱུ་དང་འབྲེལ་ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཁྲི་20ལ་འཕྲིན་ལམ་སྒྱུར་སྒམ་སྤྲོད་རྒྱུའི་ཆེད་དུ་རེད།
         ཝུ་ཀན་ཏའི“གྲོང་ཁྲིར་ཁྱབ་པའི”རྣམ་གྲངས་ཀྱི་འཆར་གཞི་ལྟར་ན། ཀྲུང་གོའི་སི་ཏ་དུས་རབས་ཚོགས་པའི་ཝུ་ཀན་ཏ་ཉིང་ལག་ཀུང་སིས་གྲོང་ཚོ་500བདམས་ཏེ་སྤྱི་པའི་སྒྲིག་གཞི་དང་དེ་བཞིན་ཁྱིམ་ཚང་ཁྲི་1ལ་གྲངས་འཛིན་བརྙན་འཕྲིན་སྒྲིག་ཆས་རིན་མི་དགོས་པར་མཁོ་འདོན་བྱས་ནས་ཡུལ་མིས་བརྙན་འཕྲིན་ལེ་ཚན་རིན་མི་དགོས་པར་ལྟ་རྒྱུ་ཡོང་བ་བྱ་རྒྱུ་རེད། སྔོན་དཔག་བྱས་ན་ད་རེས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་2018ལོའི་ཟླ་དགུ་པའི་ཟླ་དཀྱིལ་དུ་བརྙན་འཕྲིན་སྒྲིག་ཆས་སྒྲིག་སྦྱོར་ཟིན་ནས་ཝུ་ཀན་ཏའི་རྒྱལ་ཁབ་ཡོངས་ཀྱི་ས་ཁོངས་ཀྱི་བཅུ་ཆ་དྲུག་ལ་སྲུང་སྐར་གྲངས་འཛིན་བརྙན་འཕྲིན་བརྡ་རྟགས་ཁྱབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།