འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་ན་ཏས་སླར་ཡང་ནང་བློན་ཁང་བསྐྱར་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཁ་ན་ཏའི་ཙུང་ལི་ཐེ་ལུ་ཏོ་ཡིས་ནང་བློན་ཁང་བསྐྱར་སྒྲིག་བྱས་ནས་པུའུ་ཀྲང་གི་གོ་གནས་མང་དུ་བཏང་བ་དང་ཆབས་ཅིག་སྡེ་ཚན་འགའ་ཤས་ཀྱི་འགན་ནུས་ལེགས་སྒྲིག་བྱས་པ་རེད།
         ཐེ་ལུ་ཏོ་ཡིས་ཉིན་དེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྐྱར་སྒྲིག་བྱས་རྗེས་ཀྱི་ནང་བློན་ཁང་གིས་རྒྱལ་སྤྱིའི་ཚོང་དོན་གྱི་སྣ་མང་རང་བཞིན་ལ་དེ་བས་སྣང་ཆེན་བྱས་ཏེ་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལས་རིགས་རྒྱ་ཆེར་གཏོང་བ། ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཞིང་ཆེན་ཁག་གི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་བཤད།
         དེ་ནི་ཐེ་ལུ་ཏོ་ཡིས་སྲིད་འཛིན་བྱས་ཚུན་ནང་བློན་ཁང་བསྐྱར་སྒྲིག་བྱེད་ཐེངས་གསུམ་པ་ཡིན་པ་དང་། བྱེད་ཐེངས་དང་པོ་དང་གཉིས་པ་ནི་2017ལོའི་ཟླ་དང་པོ་དང་2017ལོའི་ཟླ་8པ་རེད། ཁ་ན་ཏའི་གླེང་ཕྱོགས་ཀྱིས་ཐེ་ལུ་ཏོ་ཡིས་ད་རེས་ནང་བློན་ཁང་བསྐྱར་སྒྲིག་བྱས་པ་དེ་ནི་ཕྱི་ལོའི་ཟླ་9པའི་འདེམས་བསྐོ་ཆེ་མོར་གྲ་སྒྲིག་བྱས་པ་ཞིག་རེད། 
      

    ཕྱོགས་བསྡུས་གསར་འགྱུར།