འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དང་ཉིང་ཞ་རང་སྐྱོང་ལྗོངས་ལ་ཕུགས་དྲན་དཔའ་ཧྲག་ སྲོག་སྐྱོབ་རླངས་
    འཁོར་230སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ། “2018‘ཕུགས་དྲན་སྲོག་སྐྱོབ་ཀྲུང་གོའི་བྱ་སྤྱོད’དང་དཔའ་ཧྲག་སྤྱི་ཕན་དགེ་སྒྲུབ་ཐེབས་རྩས་སྲོག་སྐྱོབ་རླངས་འཁོར་230ཞལ་འདེབས་འབུལ་བའི་མཛད་སྒོ”ཚེས་19ཉིན་པེ་ཅིང་དུ་གཉེར་བ་དང་། “2017དཔའ་ཧྲག་སྤྱན་སྦིར་གྱི་དགེ་སྒྲུབ་མཚན་མོའི”གཅེས་སེམས་སྤྱན་སྦིར་དང་གཅེས་སེམས་ཁེ་ལས་མཁས་ཅན་གྱིས་ཞལ་འདེབས་ཕུལ་བའི་སྲོག་སྐྱོབ་རླངས་འཁོར་བོད་དང་ཉིང་ཞ་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་ཀྱི་རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་སྤྲད་དེ་ས་ཆ་དེ་གའི་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང“བདེ་ཐང་ལྡན་པའི་ཀྲུང་གོའི”འཐབ་ཇུས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད།
         2013ལོར“ཕུགས་དྲན་སྲོག་སྐྱོབ”རྣམ་གྲངས་ཕྱོགས་ཡོངས་ནས་ལག་ལེན་བསྟར་སྐབས། “2020ལོར་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་592ལ་རྫོང་རེར་ཉུང་ཤོས་ལ་ཡང་མྱུར་སྐྱོབ་རླངས་འཁོར་3རེ་སྤྲོད་པའི”གནད་སྨིན་དབུལ་སྐྱོར་དམིགས་ཚད་བཟོས་པ་དང་དུས་མཚུངས། 2017ལོའི་ཟླ་9པར་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལྗོངས་5ཡི་ཤང་དང་གྲོང་རྡལ་གྱི་ལྟེ་བའི་འཕྲོད་བསྟེན་ཁང་ལ་ཁྱབ་པའི་དབུལ་སྐྱོར་དམ་བཅའ་བཞག་པ་རེད།
         དབུལ་སྐྱོར་དམ་བཅའ་ནི་འདོར་དུ་མི་རུང་བའི་འགན་འཁྲི་ཞིག་རེད། 2013ལོའི་ཟླ་1ནས་2018ལོའི་ཟླ་7པ་བར་གྱི་ལོ་ལྔ་ལྷག་ཙམ་རིང་ཀྲུང་ཧྭ་ཕུགས་དྲན་འདུ་འགོད་ཀྱི་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཧྲེ་ཧྲང་ཚོགས་པ་དང་དཔའ་ཧྲག་སྤྱི་ཕན་དགེ་སྒྲུབ་ཐེབས་རྩ་སོགས་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)29ཡི་རྫོང་930ལྷག་ཙམ་ལ་སྲོག་སྐྱོབ་རླངས་འཁོར་3056ཞལ་འདེབས་བརྒྱབ་པ་དེ་2017ལོར་ལོ་གསུམ་གྱིས་སྔ་སྣུར་དུ“རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་592ལ་རྫོང་རེར་ཉུང་ཤོས་ལ་ཡང་སྲོག་སྐྱོབ་རླངས་འཁོར་3རེ་སྤྲོད་པའི”གནད་སྨིན་དབུལ་སྐྱོར་དམིགས་ཚད་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཏེ་ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་200ལ་སྨན་བཅོས་མྱུར་སྐྱོབ་དང་སྐོར་སྐྱོད་འོས་འགན་སྨན་བཅོས་སོགས་ཀྱི་ཞབས་འདེགས་ཞུས་ཡོད་པ་མ་ཟད། 2018ལོའི་ལོ་མཇུག་ཏུ་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་5ཡི་ཤང་དང་གྲོང་རྡལ་གྱི་ལྟེ་བའི་འཕྲོད་བསྟེན་ཁང་ལ་ཕྱོགས་ཡོངས་ནས་ཁྱབ་སྟེ་མི་རིགས་ས་ཁུལ་དང་། མཐའ་མཚམས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་ཆེད་འབུལ་དགོས་ངེས་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།