འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ཆུའི་འགྲམ་གྱི“བདེ་སྐྱིད་གྲོང་ཚོའི”བདེ་སྐྱིད”ཀྱི་གསང་བ་འཚོལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་18ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་རྨ་ཆུའི་འགྲམ་གྱི“བདེ་སྐྱིད་གྲོང་ཚོའི”བདེ་སྐྱིད”ཀྱི་གསང་བ་འཚོལ་བ།
         མི་དམངས་དྲ་བའི་འཕྲིན། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་བསྟན་འཛིན་གྱིས་ཟླ་7ཚེས་15ཉིན། མཚོ་སྔོན་ཞིང་ཆེན་གྱི་ཤང་གྲོང་གི་ཡུལ་སྐོར་དང་དབུལ་སྐྱོར་ཐོན་ལས་སྤེལ་འགོ་ཚུགས་པའི་ཚོགས་ཆེན་ཞིང་ཆེན་དེའི་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གཅན་ཚ་རྫོང་དུ་ཚོགས་པ་དང་། ས་གནས་དེ་གའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་པའི་དབུལ་པོའི་དུད་ཚང་ལ་སྐྲུན་པའི་སྣང་ར་ཤང་བདེ་སྐྱིད་གྲོང་ཚོའི་འབྲེལ་ཡོད་ཡུལ་སྐོར་སྒྲིག་ཆས་དངོས་སུ་སྟོན་པ་བཤད།
         བསྟན་འཛིན་གྱིས། 2016ལོ་ནས་བཟུང་། རྫོང་དེས་རི་མགོའི་གནད་དོན་རི་འདབས་ནས་ཐག་གཅོད་བྱེད་དགོས་པའི་བསམ་བློ་བཏོན་པ་དང་། མ་དངུལ་སྒོར་ཁྲི་6730བཞག་ནས། སྣང་ར་ཤང་གི་ཆུ་བོའི་ཤར་རྒྱུད་དུ་ཁང་པ་251བསྐྲུན་ཏེ། འཚོ་བའི་ཆ་རྐྱེན་ཞན་པའི་རི་ཁུལ་གྱི་ཤང་དང་གྲོང་རྡལ་7གྱི་དུད་ཚང་251གྱི་མི་946གནས་སྤོས་བྱས་པ་དང་། དེར་བདེ་སྐྱིད་གྲོང་ཚོ་ཞེས་མིང་བཏགས་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཤུགས་ཆེན་བཏང་ཡོད་པ་བཤད།
    ༄༅།།མཚོ་སྔོན་རྨ་ཆུའི་འགྲམ་གྱི“བདེ་སྐྱིད་གྲོང་ཚོའི”བདེ་སྐྱིད”ཀྱི་གསང་བ་འཚོལ་བ།
      

    ཕྱོགས་བསྡུས་གསར་འགྱུར།