འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨེ་ཅིབ་ཀྱི་འཛུགས་སྐྲུན་མཁན་གྱིས་ལག་གདང་སྦྲེལ་ཏེ་ཨེ་ཅིབ་ཀྱི་རྒྱལ་ས་གསར་
    པའི་ཕུགས་འདུན་སྒྲུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཅིབ་སྲིད་གཞུང་གིས་2015ལོ་ནས་བཟུང་། གྲོང་ཁྱེར་ཁེ་རོའི་ཤར་རྒྱུད་ཀྱི་བྱེ་ཐང་ཁུལ་དུ་སྲིད་འཛིན་རྒྱལ་ས་གསར་པ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱས་པ་དང་། འཆར་འགོད་ཀྱི་ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་700ཟིན་པ། གྲོང་ཁྱེར་ཁེ་རོའི་མི་ཁྲི་500དང་དེ་བཞིན་སྲིད་གཞུང་ལས་ཁུངས་དང་ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁུངས་སོགས་དེར་སྤོ་རྒྱུ་རེད། ཀྲུང་གོ་ཨར་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་གནས་ཚོང་དོན་ཁུལ་གྱི་རྣམ་གྲངས་དེ་སྲིད་འཛིན་རྒྱལ་ས་གསར་པའི་དུས་ཐེངས་དང་པོའི་ལྟེ་བའི་ཁུལ་དུ་ཡོད་པ་དང་། སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་50.5ཟིན་པའི་ནང་ཚོང་ལས་དང་གཞུང་ལས་ཐོག་བརྩེགས་ཁང་ཆེན་སྟར་པ་12དང་། སྤྱི་ཤག་ཐོག་བརྩེགས་ཁང་ཆེན་སྟར་པ་5 རིམ་པ་མཐོ་བའི་གསོལ་མགྲོན་ཁང་2བཅས་ཚུད་པའི་ཐོག་བརྩེགས་ཁང་ཆེན་རྐྱང་པ་དང་རྟ་སྒ་ཆ་སྒྲིག་གི་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭ་ཁྱོན་20ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།