འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2018ལོར་སྐྲན་འགོག་སྨན་རྫས་སྨན་
    བཅོས་འགན་བཅོལ་ནང་འཇུག་རྒྱུར་ཆེད་དོན་གྲོས་མོལ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2018ལོར་སྐྲན་འགོག་སྨན་རྫས་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུའི་ཆེད་དོན་གྲོས་མོལ་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
          ཟླ་7ཚེས་11ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་འབྲེལ་ཡོད་རིག་པའི་མཐུན་ཚོགས་ལ་མངགས་བཅོལ་གྱིས་ཁེ་ལས་ཁག་གཅིག་དང་འབྲེལ་མཐུད་ཚོགས་འདུ་འཚོགས་ནས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་སྨན་བཅོས་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་སྐྲན་འགོག་སྨན་རྫས་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུའི་ཆེད་དོན་གྲོས་མོལ་ལས་དོན་གྱི་རྒྱབ་ལྗོངས་དང་དོན་སྙིང་ངོ་སྤྲོད་བྱས་པ་དང་། གྲོས་མོལ་ལས་དོན་ཐད་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་མཐའ་འཁྱོངས། གཞུང་དྲང་དང་། ཡོངས་བསྒྲགས། དྲང་བདེན་བཅས་མཐའ་འཁྱོངས་སོགས་ཀྱི་གཞི་རྩའི་རྩ་དོན་ལ་གསལ་འགྲེལ་བྱས་པ་དང་འབྲེལ། སྐྲན་ནད་སྨན་བཅོས་ལ་དམིགས་པ་དང་། སྨན་རྫས་གསར་གཏོད་ཀྱི་རིན་ཐང་མངོན་པ། སྨན་བཅོས་འགན་བཅོལ་ཁེ་ལས་དང་ནད་པའི་དབར་གྱི་ཕྱོགས་མང་ཁེ་ཕན་དོ་སྙོམས་སོགས་ཀྱི་བླང་བྱ་མང་པོ་བཏོན་པ་རེད། དེ་དང་ཆབས་ཅིག་ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིར་ད་རེས་གྲོས་མོལ་ལས་དོན་གྱི་བརྒྱུད་རིམ་ཞིབ་ཕྲ་དང་། དཔྱད་གཞི་གྲ་སྒྲིག འགག་རྩའི་མཚམས་ཚིགས་སོགས་ངོ་སྤྲོད་བྱས་པ་རེད། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་10དང་རྒྱལ་ནང་མ་རྩའི་ཁེ་ལས་8ཀྱི་འབྲེལ་ཡོད་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད། གོམ་སྟབས་རྗེས་མར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ལས་དོན་སྤེལ་རིམ་མགྱོགས་སུ་གཏོང་བ་དང་། ཁེ་ལས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཚོས་སྤུས་ཚད་དེ་བས་ལེགས་པ་དང་རིན་གོང་དེ་བས་དམའ་བའི་སྲོག་སྐྱོབ་སྨན་མགྱོགས་མྱུར་སྤྱོད་ཐུབ་པར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།