འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཤང་དབྱང་གྲོང་ཚོས་གོམས་སྲོལ་བསྒྱུར་ནས་ཁུར་པོ་ཡང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་དུ། བཀའ་མ་ལོག་རྫོང་ཀྲུང་ཁྲོན་ཤང་ཤང་དབྱང་གྲོང་ཚོའི་ལོ་བརྒྱད་ཅུར་སོན་པའི་བགྲོས་སོང་ཞིག་ཚེ་ལས་འདས་པར། རྗེས་འཇུག་ལས་འཛིན་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་བསྲི་ཚགས་དང་ཡ་རབས་སྒོ་ནས་རྗེས་འཇུག་བསྒྲུབས་པས། སྔོན་ཆད་འགྲོ་སོང་སྒོར་ཁྲི་ལྔ་དྲུག་ཙམ་གཏོང་དགོས་མོད་ད་ཆ་སྒོར་ཁྲི་གཅིག་ཙམ་གྱིས་འདང་གི་ཡོད་པ་རེད།
          ན་ནིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ཤང་དབྱང་གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མིའི་འབད་འཐབ་འོག་རྗེས་འཇུག་ལས་འཛིན་ལྷན་ཚོགས་བཙུགས་ཏེ། གྲོན་ཆུང་བསྲི་ཚགས་ཀྱི་སྒོ་ནས་རྗེས་འཇུག་བྱེད་པ་སོགས་ཀྱི་གོམས་སྲོལ་གསར་པ་ཆགས་རྒྱུར་སྣེ་ཁྲིད་བྱས་པ་དང་། གྲོང་མི་ཚོས་དང་ལེན་ཡག་པོ་ཞུས་པ་རེད།
         ཁུར་པོ་ཡང་དུ་གཏོང་རྒྱུར་གྲོང་མི་ཚོ་གྲོས་འཆམ་བྱུང་བ།
          ལོ་དེ་དག་རིང“ངའི་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཟད་ལེགས་སུ་ཕྱིན་ཡང་། ཨ་མ་གྲོངས་རྗེས་སྔོན་ཆད་ཀྱི་ཚད་གཞི་བཞིན་རྗེས་འཇུག་བསྒྲུབས་ཚེ། ལག་པའི་ནང་གི་དངུལ་ཚང་མ་རྫོགས་ནས་ད་དུང་བུ་ལོན་སྒོར་ཁྲི་3ཡས་མས་གཡར་དགོས། ད་ཆ་རྗེས་འཇུག་བསྒྲུབས་པར་སྒོར་ཁྲི་1ལས་ཕྱིན་མ་སོང་” མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་རྫོང་ཀྲུང་ཁྲོན་ཤང་ཤང་དབྱང་གྲོང་ཚོའི་གྲོང་མི་ཝང་ཝེ་ཧྲེང་གི་ཨ་མ་ཚེ་ལས་འདས་ནས་རྗེས་འཇུག་བསྒྲུབས་པར་སྒོར་ཁྲི་1ཙམ་ལས་ཕྱིན་མེད་པ་རེད།
         ཤང་དབྱང་གྲོང་ཚོ་ནི་ཧོར་རིགས་ཀྱི་གྲོང་ཚོ་ཞིག་ཡིན་ལ། འདས་པོའི་རྗེས་འཇུག་དང་བག་མ་བསུ་ལེན་གྱི་དགའ་སྟོན་རྒྱ་ཆེ་བཤམས་པའི་གོམས་སྲོལ་ཡོད་པས། རྗེས་འཇུག་བསྒྲུབས་ནས་དབུལ་པོ་ཆགས་པ་དང་བག་མ་བསུ་ལེན་བྱས་ནས་བསྐྱར་དུ་དབུལ་པོ་ཆགས་པའི་སྣང་ཚུལ་མང་པོ་ཐོན་ཏེ་གྲོང་མི་ཚོའི་ཁུར་པོ་ལྕི་པོ་ཞིག་ཏུ་གྱུར་ཡོད་པ་རེད། 2016ལོའི་ཟླ་བརྒྱད་པ་ནས་བཟུང་། ཤང་དབྱང་གྲོང་ཚོའི་ཏང་ཀྲི་པུས་ཇི་ལྟར་བྱས་ནས་ཁུར་པོ་ཡང་དུ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱས་མཐར། རྗེས་འཇུག་ལས་འཛིན་ལྷན་ཚོགས་བཙུགས་རྗེས་ཁྱིམ་ཚང་གི་ཆ་རྐྱེན་ལ་མ་བལྟོས་པར་ཚད་གཞི་གཅིག་གི་ཐོག་ནས་རྗེས་འཇུག་བསྒྲུབ་རྒྱུའི་ཐག་བཅད་པ་རེད།
         རྗེས་འཇུག་སྒྲུབ་པའི་གཏན་འབེབས་གསར་པ།
         ཤང་དབྱང་གྲོང་ཚོ་ཨུ་ལྷན་གཞུང་ལས་ཁང་དུ། གསར་འགོད་པས་《རྗེས་འཇུག་་སྟབས་བདེ་སྒྲུབ་པའི་སྐོར་གྱི་གོམས་སྲོལ་གསར་པ་དང་གཏན་འབེབས་གསར་པའི་》ནང་སྒྲུབ་ཡུན་དང་། གཞི་ཁྱོན། མྱ་ངན་ཞུ་དངུལ་སོགས་རྗེས་འཇུག་སྒྲུབ་པའི་ཚད་གཞི་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་མཐོང་བྱུང་།
         གོམས་སྲོལ་ངན་པ་བསྒྱུར་ཏེ་གྲོན་ཆུང་བསྲི་ཚགས་ཀྱི་སྒོ་ནས་རྗེས་འཇུག་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་《གོམས་སྲོལ་ངན་པ་བསྒྱུར་ནས་ཡ་རབས་ལྡན་པའི་ལུགས་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཚོ་ཤར་གྲོང་ཁྱེར་གྱི་བསམ་འཆར་》བཏོན་པའི་ནང་དུ། རྫོང་ཁོངས་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་2018ལོའི་ལོ་མཇུག་བར། རྫོང་རིམ་པ(རྫོང་རིམ་པ་ཚུད་པ)ཡན་གྱི“ཡ་རབས་གྲོང་ཚོ་དང་གྲོང་རྡལ”དང“གྲོང་གསེབ་ཡག་ཤོས”ཚང་མར“ལྷན་ཚོགས་གཅིག”(རྗེས་འཇུག་ལས་འཛིན་ལྷན་ཚོགས)བཙུགས་ཁར། “ཆིངས་ཡིག་གཅིག”(རྗེས་འཇུག་ཐད་ཀྱི་གྲོང་སྲོལ་དམངས་ཆིངས)བཞག་ནས་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། 2019ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་རྗེས་འཇུག་ལས་འཛིན་ལྷན་ཚོགས་བཙུགས་ཁར། གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་བྱེད་མཁན་ཡོད་པ་དང་། ལས་འཛིན་གྱི་སྒྲིག་ཡིག་ཡོད་པ། ལས་སྒྲུབ་ཚད་ལྡན་ཡིན་པ་བཅས་བྱས་ནས། འདས་པོའི་རྗེས་འཇུག་དངུལ་སོགས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཏེ། གྲོང་གསེབ་ཀྱི་གོམས་སྲོལ་ངན་པ་དར་ཁྱབ་འགྲོ་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་དགོས་ཞེས་བཏོན་ཡོད་པ་རེད།
         དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཕྱིན་ན་གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཐུབ།
         གྲོང་ཚོའི་དེ་སྔའི་ཀྲི་པུའུ་ཧྲུའུ་ཅི་ལི་ཧྲེང་རུང་གིས་རྗེས་འཇུག་ལས་འཛིན་ལྷན་ཚོགས་འཛུགས་རྒྱུར་ནུས་ཤུགས་མང་པོ་བཏོན་ཡོད། ཁོང་གིས། “སོ་ནམ་པ་ཚོ་ཕྱུག་པོ་མེད་ཀྱང་། འདས་མཆོད་སྟབས་བདེ་བསྒྲུབས་ན་མིས་འཕྱ་སྨོད་བྱེད་པར་དོགས་ནས། བུ་ལོན་ལེན་དགོས་ཀྱང་རྗེས་འཇུག་རྒྱས་པོ་བྱེད་ཀྱི་ཡོད་པས། མང་ཆེ་བས་ལོ་ཁ་ཤས་རིང་བུ་ལོན་སྤྲད་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་ཐུབ་ཀྱི་མེད”ཅེས་བརྗོད་པ་རེད།
         “གྲོང་གསེབ་ཏུ་རྗེས་འཇུག་རྒྱས་པོ་བྱས་ནས་རྒྱས་སྤྲོས་ཆུད་ཟོས་བྱེད་པའི་སྣང་ཚུལ་ལ་དམིགས་ནས། ཤང་དབྱང་གྲོང་ཚོས་རྗེས་འཇུག་དང་ལས་འཛིན་ལྷན་ཚོགས་བཙུགས་པས། དབུལ་སྒྲོལ་ཕྱུག་འགྱུར་ལམ་བུའི་ཐོག་ཁོང་ཚོའི་ཁུར་པོ་ཡང་དུ་ཕྱིན་པ་དང་། གོམས་སྲོལ་ངན་པ་བསྒྱུར་རྒྱུ་དེ་གྲོང་མི་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ནས། ཤང་དབྱང་གྲོང་ཚོའི་གྲོང་གསེབ་ཀྱི་ཤེས་དཔལ་དར་སྲོལ་གསར་པ་ཞིག་ཆགས་ཡོད”ཅེས་བཀའ་མ་ལོག་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཀུའོ་ཧྲུའུ་ཆང་གིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།