འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལག་ཐོགས་ཁ་པར་གྱི་སྤུས་རྟགས་ལ་ཨེ་ཅིབ་ཏུ་དགའ་བསུ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཁེ་རོའི་བརྒྱ་ཟོག་ཚོང་ཁང་ཆེ་གྲས་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱི་ནང་ཀྲུང་གོའི་ལག་ཐོགས་ཁ་པར་སྤུས་རྟགས་གང་སར་མཐོང་རྒྱུ་ཡོད། ཧྭ་ཝེ་དང་། ལེན་ཞང་། ཁྲོན་དབྱིན་སོགས་ཀྲུང་གོའི་ལག་ཐོགས་ཁ་པར་ལ་ཡུལ་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཟབ་མོ་ཐོབ་ཡོད་པ་རེད། ཨེ་ཅིབ་ཀྱི་《ཉིན་རེའི་གསར་འགྱུར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2018ལོའི་ཟླ་5པར། ཨེ་ཅིབ་ཀྱི་ཁྲོམ་རར་ཧྭ་ཝེ་ལག་ཐོགས་ཁ་པར་གྱིས་བཟུང་བའི་བསྡུར་ཚད་ནི་ཟླ་4པའི་13.9%ནས་14.8%དུ་འཕར་ནས་ཨང་གཉིས་པར་སླེབས་པ་དང་། ལེན་ཞང་དང་། ཁྲོན་དབྱིན། OPPOབཅས་ཀྱིས་ལག་ཐོགས་ཁ་པར་ཨང་བཞི་པ་དང་། ཨང་ལྔ་པ། ཨང་དྲུག་པ་སོ་སོར་སླེབས་ཡོད། ཨེ་ཅིབ་ཀྱི་《ཆ་འཕྲིན་ཚགས་པར་》ནང་འཁོད་པ་ལྟར་ན། ཨེ་ཅིབ་ཀྱི་ཁྲོམ་རར་ཀྲུང་གོའི་ལག་ཐོགས་ཁ་པར་གྱིས་བཟུང་བའི་བསྡུར་ཚད་སྔར་བས་མཐོ་རུ་སོང་ནས་ཨེ་ཅིབ་ཀྱི་མང་ཚོགས་ཀྱིས་ཀྲུང་གོའི་ལག་ཐོགས་ཁ་པར་གྱི་སྤུས་རྟགས་ལ་དེ་བས་ཀྱང་དགའ་པོ་བྱེད་མཁན་ཇེ་མང་དུ་གྱུར་ཡོད་པ་རེད།
         “ཨེ་ཅིབ་ཀྱི་འཛད་སྤྱོད་པས་ཀྲུང་གོའི་ལག་ཐོགས་ཁ་པར་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། རིན་གོང་འཚམ་པ་དང་སྤུས་ཚད་ལེགས་པས་ཨེ་ཅིབ་མང་ཚོགས་ཀྱི་འཛད་སྤྱོད་པའི་ཆུ་ཚད་དང་འཚམ་པོ་ཡོད”ཅེས་ཨེ་ཅིབ་ཀྱི་ཉོ་སྒྲུབ་ལྟེ་གནས་ཀྱི་ལག་ཐོགས་ཁ་པར་ཆེད་ཚོང་ཁང་གི་ཚོང་པ་ཡ་སས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་ཀྲུང་གོའི་ལག་ཐོགས་ཁ་པར་སྤུས་རྟགས་ཀྱི་སྤྱིར་བཏང་མཁྲེགས་ཆས་སྒྲིག་སྦྱོར་ཅུང་ལེགས་ཁར། བཟོ་ལྟ་དཔེ་གསར་དང་བྱེད་ནུས་འཐུས་སྒོ་ཚང་པོ་ཡོད་ཅེས་བཤད།
        “སྤུས་ཀ་ཡག་པའི་ཁར་གློག་རྫས་དང་། པར་ཆས། ཤེལ་ངོས་བཅས་ཧ་ཅང་ཡག་པོ་ཡོད་པས། གྲོགས་པོས་ང་ལ་ཧྭ་ཝེ་ལག་ཐོགས་ཁ་པར་ཉོས་ན་ལེགས་ཚུལ་བཤད་བྱུང”“ད་ལྟ་P20དངProཡི་པར་ཆས་ལ་ཚོད་ལྟ་བྱས་པ་ན་གྲངས་འཛིན་པར་ཆས་བཞིན་ཡག་པོ་འདུག་ལ་རང་གིས་རང་ལ་པར་ཡག་པོ་ཞིག་རྒྱག་ཐུབ་ཀྱི་འདུག”ཅེས་ཨེ་ཅིབ་ཀྱི་བུ་མོ་ཏུའོ་ཡས་བཤད། ཚོང་ཤག་ཧ་ལེ་ཏེས་ངས་ལག་ཐོགས་ཁ་པར་ཧྭ་ཝེ་ཉོ་བའི་རྒྱུ་མཚན་ནི་དེའི་སྤུས་ཚད་ཡག་ལ་རིན་གོང་ཁེ་བ་དང་ཞབས་ཞུ་ལེགས་པས་ཡིན། ཉེ་འཁོར་དུ་ཀྲུང་གོའི་ལག་ཐོགས་ཁ་པར་ཉོ་མཁན་སྔར་བས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོའི་ལག་ཐོགས་ཁ་པར་ཨེ་ཅིབ་ཀྱི་ཕོགས་གཟན་ཚོས་ཉོ་ཐུབ་ཀྱི་འདུག་ཅེས་གསར་འགོད་པར་བཤད་བྱུང་།
         སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་སོང་བ་དང་ཆབས་ཅིག་ཨེ་ཅིབ་ཀྱི་ལག་ཐོགས་ཁ་པར་ཁྲོམ་ར་ཡང་རིམ་གྱིས་བྱེད་ནུས་ཅན་གྱི་ལག་ཐོགས་ཁ་པར་ནས་རིག་ནུས་ཅན་གྱི་ལག་ཐོགས་ཁ་པར་དུ་བསྒྱུར་ནས་རིག་ནུས་ལག་ཐོགས་ཁ་པར་གྱི་གསར་དར་ཁྲོམ་ར་ཞིག་ཆགས་ཡོད། ཀྲུང་གོའི་ལག་ཐོགས་ཁ་པར་བཟོ་གྲྭས་ས་གནས་དེ་རང་ཅན་གྱི་གཉེར་སྐྱོང་བྱེད་སྟངས་དང་། སྤུས་ཚད་ཡག་པོ་དང་རིན་གོང་འཚམ་པོར་བརྟེན་ནས་ཨེ་ཅིབ་ཀྱི་ཁྲོམ་རར་ཚོང་གཉེར་གང་ལེགས་བྱེད་ཀྱི་ཡོད། 2017ལོར་ཨེ་ཅིབ་ཏུ་ཧྭ་ཝེ་ཀུང་སིས་ཨ་ཧྥེ་རི་ཁ་བྱང་མའི་གསར་སྤེལ་ཚོད་ལྟ་ཁང་བསྐྲུན་ནས་ཁྲོམ་ར་དེ་སྟོན་ཕྱོགས་སུ་བརྩིས་ནས་ཉོ་མཁན་གྱི་དགོས་མཁོ་ལྟར་མཁྲེགས་ཆས་དང་མཉེན་ཆས་ཀྱི་ཞབས་ཞུ་བསྒྲུབས་པ་དང་དཀའ་གནད་སེལ་བའི་ཇུས་གཞི་བཟོས་ཡོད།
         《གཏོར་གཟུགས་མཆོད་རྟེན་ཚགས་པར་》གྱི་གསར་འགོད་པ་མུའུ་ཧན་མོ་ཏེ·ས་ཏེས་2012ལོ་ནས་བཟུང་ཧྭ་ཝེ་ལག་ཐོགས་ཁ་པར་སྤྱོད་འགོ་བཙུགས་པ་དང་། ཀྲུང་གོའི་ལག་ཐོགས་ཁ་པར་སྤུས་རྟགས་ལ་སྤྱོད་མཁན་གྱི་ཁས་ ལེན་སྔར་བས་ཐོབ་པ་བྱ་རྒྱུ་ནི་དེང་སྐབས་ཐག་གཅོད་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་པས་ཀྲུང་གོའི་ལག་ཐོགས་ཁ་པར་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།