འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སྡོད་ཁང་འཛུགས་སྐྲུན་པུས་ཡུལ་བབ་དང་བསྟུན་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དངུལ་
    ལོར་ཅན་གྱི་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། སྡོད་ཁང་འཛུགས་སྐྲུན་པུས་ཡུལ་བབ་དང་བསྟུན་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དངུལ་ལོར་ཅན་གྱི་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ལག་ཡོད་ཚོང་སྒྱུར་སྡོད་ཁང་མི་འདང་བ་དང་། ཁང་པའི་རིན་གོང་འཕར་བའི་གནོན་ཤུགས་ཅུང་ཆེ་བའི་ས་ཁུལ་དུ་དམིགས་སའི་རང་བཞིན་གྱི་སྒོ་ནས་དུས་ཐོག་ཏུ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བཀོད་སྒྲིག་གི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ་དང་འབྲེལ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བཀོད་སྒྲིག་སྡོད་ཁང་གསར་བསྐྲུན་བྱ་རྒྱུའི་བྱེད་ཐབས་སྤྱོད་པ་དང་། ལག་ཡོད་ཚོང་སྒྱུར་སྡོད་ཁང་ཅུང་མང་བའི་ས་གནས་སུ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དངུལ་ལོར་ཅན་གྱི་བཀོད་སྒྲིག་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་བཏོན་ཡོད།
          སྡོད་ཁང་འཛུགས་སྐྲུན་པུས་ཐོག་མཐའ་བར་གསུམ་དུ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཐད་སྡོད་ཁང་བཀོད་སྒྲིག་དང་དངུལ་ལོར་ཁ་གསབ་ཟུང་འབྲེལ་བྱེད་པ་དང་། སྡོད་ཁང་སྐྱོ་ཁུལ་དུ་སྡོད་པའི་གྲོང་མིས་རང་མོས་ངང་གདམ་ག་བྱེད་ཆོག་ཅིང་། 2015ལོའི་ཚུན་དུ་སྡོད་ཁང་འཛུགས་སྐྲུན་པུས་འབྲེལ་ཡོད་སྡེ་ཚན་དང་ཚན་པ་དང་མཉམ་དུ་ས་གནས་ཁག་གི་ཡུལ་བབ་དང་བསྟུན་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དངུལ་ལོར་ཅན་གྱི་བཀོད་སྒྲིག་བྱ་རྒྱུར་མཛུབ་ཁྲིད་བྱས་པ་དང་། ལག་ཡོད་ཚོང་སྒྱུར་སྡོད་ཁང་མང་བ་དང་། སྡོད་ཁང་བཀོད་སྒྲིག་དུས་ཡུན་རིང་བའི་གྲོང་ཁྱེར་དང་རྫོང་གིས་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྡོད་ཁང་སྐྱོ་ཁུལ་གྱི་གྲོང་མིས་དངུལ་ལོར་ཅན་གྱི་བཀོད་སྒྲིག་བྱེད་ཐབས་གདམ་ག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ས་ཁང་བདག་ཁོངས་ཐོན་ལས་ཀྱིས་མཛོད་ཉར་འཕྲི་རྒྱུར་སྐུལ་འདེད་གཏོང་དགོས་ལ། བསྐྱར་ཟློས་འཛུགས་སྐྲུན་གྱི་གནས་ཚུལ་འགོག་དགོས་ཞེས་ནན་བཤད་བྱས་ཡོད།
         འོན་ཀྱང་། 2016ལོའི་ཚུན་ས་གནས་ཁག་གཅིག་གི་ས་ཁང་བདག་ཁོངས་ཁྲོམ་རར་འགྱུར་ལྡོག་བྱུང་བ་དང་ལག་ཡོད་ཚོང་སྒྱུར་སྡོད་ཁང་མང་པོ་མེད་པའི་གནས་ཚུལ་འོག དམིགས་སའི་རང་བཞིན་གྱི་སྒོ་ནས་དུས་ཐོག་ཏུ་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་མེད་པར་བརྟེན། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དངུལ་ལོར་ཅན་གྱི་བཀོད་སྒྲིག་བྱེད་པའི་བསྡུར་ཚད་སྔར་བཞིན་མཐོ་ཙམ་ཡོད། དེར་བརྟེན་སྡོད་ཁང་འཛུགས་སྐྲུན་པུས་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་ལག་ཡོད་ཚོང་སྒྱུར་སྡོད་ཁང་མི་འདང་བ་དང་ཁང་པའི་རིན་གོང་འཕར་བའི་གནོན་ཤུགས་ཅུང་ཆེ་བའི་གྲོང་ཁྱེར་དང་རྫོང་ལ་དུས་ཐོག་ཏུ་ལྟ་སྐུལ་བྱས་ནས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བཀོད་སྒྲིག་གི་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་བཀོད་སྒྲིག་སྡོད་ཁང་གསར་པ་བསྐྲུན་པའི་བྱེད་ཐབས་སྤྱད་ཡོད།
         སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དངུལ་ལོར་ཅན་གྱི་བཀོད་སྒྲིག་བྱ་རྒྱུའི་ཐད་ཡུལ་བབ་དང་བསྟུན་པ་ཕུད། སྡོད་ཁང་འཛུགས་སྐྲུན་པུས་གོམ་སྟབས་རྗེས་མར་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་ཐད་ཁྲིམས་དང་ཁྲིམས་སྲོལ་བཞིན་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་མ་གནས་ཚོད་འཛིན་བྱས་ནས་དངུལ་ཕོན་ཆེན་གཏོང་བ་དང་སྒྲིག་འགལ་གྱི་གཏོད་སྒོ་གཏན་འགོག་བྱེད་དགོས་པ་དང་། མུ་མཐུད་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ཁྱབ་ཁོངས་དང་ཚད་གཞི་ལུགས་མཐུན་ངང་དབྱེ་འབྱེད་དང་ཁོང་དུ་ཆུད་པ་བྱས་ཏེ་ས་གནས་ཁག་གིས་རང་ནུས་གང་ཡོད་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ནས་གཅིག་དཔེ་བརྒྱ་འགེབས་དང་། རིམ་པ་བཞིན་དམིགས་ཚད་མི་སྟོན་པ། མུན་འཐོམས་ངང་བུན་གཡར་མི་བྱེད་པ་བཅས་བྱས་ཏེ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ཚད་གཞི་དང་ཁྱབ་ཁོངས་ལུགས་མཐུན་ངང་དབྱེ་འབྱེད་དང་ཁོང་དུ་ཆུད་པ་བྱས་ཏེ་གྲོང་ཁུལ་རྙིང་པའི་བཙོག་ཟིང་ཞན་གསུམ་གྱི་སྡོད་ཁང་སྐྱོ་ཁུལ་དང་གཞུང་ཁོངས་བཟོ་གཏེར་དང་། ནགས་ཁུལ། གསར་སྦོལ་ཁུལ་བཅས་ཀྱི་སྡོད་ཁང་སྐྱོ་ཁུལ་ལ་གཙོ་གནད་ཐོག་སྒྱུར་བཀོད་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།