འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཁུལ་ཁག་གི་མེ་ཟོན་དཔུང་སྡེས་འབྲུབ་འགོག་ཉེན་སེལ་དང་རོགས་སྐྱོབ་སྟོབས་ཤུགས་
    ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་15ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཆར་པ་འབབ་ཚད་མང་དུ་ཕྱིན་པ་དང་བསྟུན་ནས། མིག་སྔར་ས་ཁུལ་ཁག་གི་མེ་ཟོན་དཔུང་སྡེས་འབྲུབ་འགོག་ཉེན་སེལ་དང་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་བཏང་ཡོད་པ་རེད། སི་ཁྲོན་མེ་ཟོན་དཔུང་སྡེས་ཁྲེང་ཏུའུ་ལྟེ་བར་བྱས་ནས་ཆུ་ཚོད་1དང་། ཆུ་ཚོད་2 ཆུ་ཚོད་4བཅས་ཀྱི་འབྲུབ་འགོག་ཉེན་སེལ་སྟོབས་ཤུགས་གཅིག་བསྡུས་ཁུལ་གསུམ་དུ་དབྱེ་ཡོད་པ་མ་ཟད། ཁྲེང་ཏུའུ་དང་། ཏེ་དབྱང་། མེ་ཧྲན། ཙི་དབྱང་སོགས་ཀྱི་མེ་ཟོན་ཉིང་ལག་རུ་ཁག་ལ་བརྟེན་ནས་མི་300ཡོད་པའི་ཞིང་ཆེན་རིམ་པའི་སྐབས་བསྟུན་རུ་ཁག་1དང་། འཕྲལ་རྒོལ་རུ་ཁག་21 རོགས་སྐྱོབ་ཡན་ལག་རུ་ཁག་182བཅས་བཙུགས་ཡོད་པ་རེད། ཅང་ཤིས་མེ་ཟོན་དཔུང་སྡེས་སྤྱི་ཁྱབ་རུ་ཁག་གི་གསོ་སྦྱོང་རྟེན་གཞི་དང་ཉིང་ལག་རུ་ཁག་ཁག་གི་དམག་འཐབ་འགན་སྲུང་རུ་ཆེན་ལ་བརྟེན་ནས་སྒྲིག་ཆས་དངོས་ཟོག་གསོག་ཉར་མཛོད་12བཙུགས་པ་མ་ཟད། ད་དུང་འབྲུབ་འགོག་ཉེན་སེལ་འཕྲལ་རྒོལ་རུ་ཁག་12བཙུགས་ནས་དཔོན་དམག་600བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གདོང་མཆོང་གྲུ་གཟིངས་250དང་འགྱིག་གྲུ་72བསྐྱར་སྒྲིག་བྱས་ནས་སོ་སོའི་ལས་བགོས་འགན་འཁྲི་ཁ་གསལ་བཟོས་པ་རེད། ཧུའུ་ནན་མེ་ཟོན་དཔུང་སྡེས་ཁྲང་ཧྲ་དང་ཀྲུའུ་ཀྲོའུ་སོགས་ཀྱི་ཉིང་ལག་རུ་ཁག་8ལ་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་4000ལྷག་དང་གདོང་མཆོང་གྲུ་གཟིངས་40ལྷག་གསབ་སྤྲོད་བྱས་པ་རེད། ཧྥུའུ་ཅན་མེ་ཟོན་དཔུང་སྡེས་མི་6ཡོད་པའི་ཆུ་ཁོངས་རོགས་སྐྱོབ་ཚོགས་ཆུང་144བཙུགས་ནས་གདོང་མཆོང་གྲུ་གཟིངས་དང་། འགྱིག་གྲུ། ཆེད་ལས་སྲོག་སྐྱོབ་གོས་སོགས་རོགས་སྐྱོར་སྒྲིག་ཆས་དང་འཕྲལ་སྡོམ་དངོས་ཟོག་མང་པོ་སྐོང་བསྡུ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་འབྲུབ་དུས་སྐབས་སླེབས་པ་ནས་བཟུང་། རིམ་ཁག་མེ་ཟོན་དཔུང་སྡེས་ཀུན་གྱི་མདུན་དུ་བསྐྱོད་དེ་བསྟུད་མར་འབད་འཐབ་བྱས་པ་དང་། ཟླ་7ཚེས་13ཉིན་བར། འབྲུབ་འགོག་ཉེན་སེལ་དང་། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་རོགས་སྐྱོབ། གྲོང་ཁྱེར་ནང་གི་འཁྱིལ་ཆུའི་གནོད་སྐྱོན་སེལ་བ་སོགས་རོགས་སྐྱོབ་ལས་དོན་ཐེངས་2873ལ་ཞུགས་པར་དཔོན་དམག་མི་ཐེངས་ཁྲི་2.2དང་རླངས་འཁོར་ཐེངས་3900མངགས་ནས། མང་ཚོགས་ཁྲི་2.8མྱུར་སྐྱོབ་དང་། སྒོར་དུང་ཕྱུར་4.6རི་བའི་རྒྱུ་ནོར་སྲུང་སྐྱོབ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།