འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཐོ་འགོད་ནུས་ལྡན་བྱས་པའི་ཚོང་རྟགས་བསྡོམས་ཁྲི་1680.7ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་2018ལོའི་དུས་ཚིགས་གསུམ་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཟླ་6པའི་ཟླ་མཇུག་བར་རང་རྒྱལ་དུ་ཐོ་འགོད་ནུས་ལྡན་བྱས་པའི་ཚོང་རྟགས་བསྡོམས་ཁྲི་1680.7ཡོད་པ་དང་ཆ་སྙོམས་ཁྲོམ་རའི་བྱེད་པོ་6.1རེར་ཚོང་རྟགས་ནུས་ལྡན་རེ་ཡོད་པ་རེད།
         2018ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་ཁྲི་358.6ཟིན་པ་དེ་དུས་མཚུངས་ལས་57.5%འཕར་བ་དང་ཟླ་1ནས་5བར་རང་རྒྱལ་གྱིས་མ་ཏེ་རི་ཚོང་རྟགས་རྒྱལ་སྤྱིའི་ཐོ་འགོད་མ་ལག་ཏུ་ཚོང་རྟགས་རེ་ཞུ་བྱས་པ་2228ཟིན་ནས་མ་ཏེ་རིའི་མནའ་འབྲེལ་གྱི་ཨང་གསུམ་པར་སླེབས་ཡོད་པ་རེད།
        དེ་དང་ཆབས་ཅིག་རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་ཟླ་6པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱིས་ཚོང་རྟགས་ཞིབ་དཔྱད་མཐུན་སྦྱོར་ལྟེ་གནས་6བཙུགས་པ་དང་ཚོང་རྟགས་བདག་སྤྲོད་བྱས་པའི་སྐར་ཁུང་123བཙུགས་ནས་ཚོང་རྟགས་ཐོ་འགོད་ཞིབ་དཔྱད་བྱེད་པའི་དུས་ཚོད་ཟླ་8ནས་ཟླ་7བར་ཐུང་དུ་བཏང་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཚོང་རྟགས་རེ་ཞུ་བྱེད་ཚད་2014ལོའི་ཁྲི་228ནས་2017ལོའི་ཁྲི་574བར་མགྱོགས་མྱུར་འཕར་ཡོད་པ་རེད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཚོང་རྟགས་ཅུས་ཀྱིས་སྔོན་རྩིས་བྱས་པར་འདི་ལོ་ཚོང་རྟགས་རེ་ཞུ་བྱེད་ཚད་ཁྲི་800ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད། རེ་ཞུ་བྱེད་ཚད་མགྱོགས་མྱུར་འཕར་བ་དེས་ཚོང་རྟགས་ཐོ་འགོད་ཞིབ་དཔྱད་ཀྱི་ལས་ཕྱོད་ལ་རེ་བ་དེ་བས་མཐོ་པོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།