འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དམིགས་བསལ་གསོ་སྦྱོང་ལས་དོན་ནང་ཆེད་ལས་ལག་རྩལ་མི་སྣ་སྟོང་ལ་
    གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མི་སྤྱི་པུའུ་དང་། རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལས་གྲུབ་པའི་བོད་ཀྱི་དམིགས་བསལ་གསོ་སྦྱོང་ལས་དོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པས་ལྷ་སར་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། མི་སྤྱི་པུའི་མཐུན་སྦྱོར་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་དམིགས་བསལ་གསོ་སྦྱོང་ལས་དོན་ལ་ཡར་རྒྱས་ཆེན་པོ་དང་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། བོད་ལ་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིཌ་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་1080གསོ་སྐྱོང་བྱས་ཏེ་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
         ཚོགས་འདུའི་ཐོག ཚོགས་ཞུགས་པས་བཏོན་པའི་སློབ་མ་གསོ་སྐྱོང་བྱེད་པའི་གནད་སྨིན་རང་བཞིན་དང་། གསོ་སྐྱོང་གི་གྲོན་དངུལ་དང་གཞི་ཁྱོན། སློབ་མ་འདེམས་མངགས་ལས་དོན་གྱི་དམིགས་སའི་རང་བཞིན། དམིགས་བསལ་གསོ་སྐྱོང་གི་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་གཏུག་མཐུན་སྦྱོར། དམིགས་བསལ་གསོ་སྐྱོང་ལས་དོན་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་སོགས་ཐད་ཀྱི་གྲོས་འགོའམ་ཡང་ན་གནད་དོན་དག་ལ་ཚོགས་འདུ་གྲོལ་རྗེས་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་དང་ཞིབ་ཚགས་པོ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།