འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་བརྙན་《གེ་སར་རྒྱལ་པོ་》ཞེས་པ་ཕབ་སྐྲུན་བྱེད་བཞིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གློག་བརྙན་《གེ་སར་རྒྱལ་པོ་》ཞེས་པ་ཕབ་སྐྲུན་བྱེད་བཞིན་པ།
         མི་དམངས་དྲ་བའི་འཕྲིན། ལྷ་ཕྲུག་ཇོ་རུ་དམངས་སྲོལ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཧྲེང་ཡིང་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་གཉིས་མཉམ་འབྲེལ་བྱེད་དེ་གློག་བརྙན་《གེ་སར་རྒྱལ་པོ་》ཞེས་པ། མིག་སྔར། མདུན་གྱི་གྲ་སྒྲིག་དུས་རིམ་ལ་སླེབས་ཡོད་པ་དང་། གློག་བརྙན་འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་གསར་པ་ཏུང་ཆང་གིས་འཁྲབ་གཞུང་རྩོམ་པ་མ་ཟད་འཁྲབ་འཁྲིད་ཀྱི་འགན་འཁུར་ཞིང་། ཁེ་ལས་མཁས་ཅན་ཡུས་ཁྲུན་མིང་གིས་སྒྲིག་བཟོའི་འགན་འཁུར་ཡོད་པ་རེད།
         གློག་བརྙན་འདིའི་ནང་སློབ་ཆུང་ལོ་རིམ་བཞི་བའི་སློབ་མ་བཀྲ་བདེས་གེ་སར་རྒྱལ་པོ་འཁྲབ་འདོད་པའི་འདུན་པ་འཁོད་པའི་གཏམ་རྒྱུད་བརྗོད་ཡོད་པ་དང་། གློག་བརྙན་ནང་གི་མི་སྣ་གཙོ་བོ་བཀྲ་བདེ་གེ་སར་རྒྱལ་པོ་འཁྲབ་འདོད་ཧང་ཅང་ཆེ་ཞིང་། ཐེངས་ཤིག  རྫོང་རིག་གནས་ཅུས་སྒྱུ་རྩལ་ཚོགས་པས་ཡུལ་དངོས་ཀྱི་མི་བསྡུ་ཡུལ་དུ་ཕྱིན་ནས། ཚོགས་པར་ཞུགས་རྒྱུའི་རེ་བ་ཞུས།  དེ་ནས་ཁོང་གི་སློབ་སྦྱོང་གི་གྲུབ་འབྲས་ཞན་དུ་སོང་བས། དགེ་རྒན་དང་ཕ་མའི་བཀའ་བཀྱོན་ཕོག་ཀྱང་ཁོང་གི་ཕུགས་འདུན་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད།  བཀྲ་བདེ་ཡིས་སོ་སོའི་དངོས་ཡོད་ཀྱི་ནུས་པར་བརྟེན་ནས་རྫོང་རིག་གནས་ཁང་གི་འགོ་ཁྲིད་ཀྱི་ཡིད་ཆེས་ཐོབ་པར་བྱས་པས་འགོ་ཁྲིད་ཀྱིས་མཐའ་མར་བཀྲ་བདེ་ལ་ལས་ཞོར་དུས་ཚོད་ནང་འཁྲབ་སྟོན་བསླབ་རྒྱུ་ཁས་བླངས་པ་རེད།  གློག་བརྙན་འདི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཕབ་བསྐྲུན་བྱ་ཐུབ་ཅིང་། དཔྱིད་གསར་དུས་ཆེན་སྐབས་མང་ཚོགས་ཀྱིས་བལྟ་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།