འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་དང་གྲོང་གསེབ་པུས་སྤུས་ཚད་ཞིང་དར་གྱི་ལེ་དབར་ཁྲིའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ལས་མགྱོགས་མྱུར་ལྗང་མདོག་ཅན་དང་། སྤུས་ལེགས་ཅན། ཁྱད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་ཆེད། ཞིང་ལས་དང་གྲོང་གསེབ་པུས་ཟླ་7ནས་11བར་སྤུས་ཚད་ཞིང་དར་གྱི་ལེ་དབར་ཁྲིའི་བྱེད་སྒོ་སྤེལ་རྒྱུའི་ཐག་བཅད་པ་དང་འབྲེལ་ཚེས་10ཉིན་ཕུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་མཛད་སྒོའང་འཚོགས་པ་རེད།
         སྤུས་ཚད་ཞིང་དར་གྱི་ལེ་དབར་ཁྲིའི་བྱེད་སྒོ་དེས་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་དང་། ལྗང་མདོག་འཕེལ་རྒྱས། སྤུས་རྟགས་གཏོད་པ། སྤྱི་དམངས་ལ་དོ་ཁུར་བྱེད་པ་བཅས་ཕྱོགས་བཞི་ལ་གཙོ་གནད་ཐོག་དམིགས་རྒྱུ་ཡིན་པ་དང་བྱེད་སྒོ་རབ་དང་རིམ་པའི་ནང་ཕུལ་བྱུང་ཚན་རིག་ཁྱབ་གདལ་གྱི་བརྩམས་ཆོས་འགྲེམས་སྟོན་དང་། ལྗང་མདོག་བཟའ་བཅའི་དྲིལ་བསྒྲགས་ཟླ་བ། “རང་ཉིད་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལོ་བཅུའི”རྩོམ་བསྡུའི་བྱེད་སྒོ། སྤུས་ཚད་ཞིང་དར་གྱི་མཐོ་རིམ་གླེང་སྟེགས་བཅས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་སོགས་ཚུད་ཡོད་པ་རེད།
         ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའི་ཁོངས་མི་སུང་ཅན་ཁྲའོ་ཡིས“ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བར‘ཐོན་སྐྱེད’དང‘དོ་དམ’ཕུད་ད་དུང་དྲིལ་བསྒྲགས་ལས་དོན་གྱིས་ཀྱང་ཆེས་གལ་ཆེ་བ་དང་མེད་ན་མེད་ཐབས་བྲལ་བའི་ནུས་པ་འདོན་ཐུབ་ཀྱི་ཡོད། སྤུས་ཚད་ཞིང་དར་གྱི་ལེ་དབར་ཁྲིའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་དམིགས་ཡུལ་ནི་དྲིལ་བསྒྲགས་ཀྱི་ཟིལ་ཤུགས་ཆེན་པོ་ཞིག་གཅིག་སྡུད་ཐོག་ཆགས་པ་བྱས་ཏེ་ཟུར་ཚད་མང་པོའི་ཐོག་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་ཀའི་ཕན་འབྲས་མངོན་པ་བྱེད་པ་དང་། ཕྱོགས་ཁག་ཐད་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤུས་ཚད་བདེ་འཇགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། སྤྱི་དམངས་ཀྱི་བདེ་འཇགས་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་གཏོང་བ་བཅས་བྱ་ཆེད་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།