འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རིག་ནུས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་ཐོག་མ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་ནུས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་ཐོག་མ་གཏོད་པའི་མཛད་སྒོ་ཁྲེང་ཀོན་ཆུས་སྲིད་གཞུང་དུ་གཉེར་བ་ལས། བོད་ཀྱི་རིག་ནུས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་སྟེགས་ཐོག་མ་དངོས་སུ་བཏོད་པ་མཚོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་དེར་ནུས་པ་10ཡོད་པ་སྟེ། གསར་འགྱུར་ཆ་འཕྲིན་དང་། ཏང་ཡོན་ཞབས་ཞུ། ཏང་གི་ལས་དོན། ཏང་ཡོན་གྱི་ཁྱིམ། ཏང་ཡོན་གྱི་ཉམས་འགྱུར། ཕྱོགས་གཉིས་རྐྱང་ཚེག འཐབ་ས་མཉམ་སྤྱོད། སྒོ་དབྱེའི་འཚོ་བ། དཔེ་ཀློག་ཁྲེང་ཀོན། གདོང་ལེན་མཁར་རྫོང་བཅས་ཡིན་པ་རེད། ལས་སྟེགས་དེར་གློག་ཀླད་ཀྱི་མཐའ་སྣེ་དང་སྐད་འཕྲིན་གྱི་མཐའ་སྣེ་གཉིས་ལ་དབྱེ་བ་དང་། གློག་ཀླད་ཀྱི་མཐའ་སྣེས་གཙོ་བོ་ཁྲེང་ཀོན་ཆུས་ཀྱི་ཏང་ཀྲི་པུའུ་ཁག་ལ་དམིགས་ནས་རྒྱབ་ཕྱོགས་ལ་དོ་དམ་བྱེད་ཀྱི་ཡོད་པ་དང་། སྐད་འཕྲིན་མཐའ་སྣེས་གཙོ་བོ་མི་སྒེར་གྱི་འཛད་སྤྱོད་པར་དམིགས་ཀྱི་ཡོད་པས། གློག་ཀླད་མཐའ་སྣེ་དང་སྐད་འཕྲིན་མཐའ་སྣེའི་ནང་དོན་དུས་ཚོད་གཅིག་མཚུངས་སུ་འགོད་ཀྱི་ཡོད་པས་གཅིག་པ་ཡིན་པ་རེད།
         ལས་སྟེགས་དོ་དམ་པས། ལས་སྟེགས་དེ་གཏོད་པའི་དམིགས་ཡུལ་ནི། ཏང་ཡོན་གྱི་སྐད་སྒྲ་བརྒྱུད་སྤེལ་དང་། དབང་གྲགས་ལྡན་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་དཀའ་ངལ་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་ཐུབ་པ་དང་། བྱེད་སྒོར་ཞུགས་རྒྱ་ཆེ་རུ་བཏང་ནས་བྱེད་སྒོ་སྤེལ་ཡུལ་སྤྱོད་ཚད་ཆེ་རུ་གཏོང་བ་དང་། ཆ་འཕྲིན་བརྒྱུད་སྤེལ་མང་ཙམ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བཏང་ནས་སྟབས་བདེ་སྐྲུན་ཆེད་རེད། དེ་དང་དུས་མཚུངས། གདོང་ལེན་མཁར་རྫོང་གི་སྟོན་གྲངས་བརྒྱུད། ཏང་ཡོན་དང་ཀྲི་པུའུ་ཁག་ལ་དཔྱད་ཞིབ་བྱས་ཏེ། དུས་རྒྱུན་ནས་ལས་ཀ་སྒྲུབ་པ་དང་རྒྱུན་དུ་དཔྱད་ཞིབ་བྱས་ནས། དེ་སྔའི་རྩིས་ཐོ་དང་སྐར་གྲངས་ཁོ་ནར་གཞིགས་པའི་བྱེད་ཐབས་ལ་སྒྱུར་བཅོས་བཏང་ཡོད། དྲང་གཞག་དང་། གཞུང་དྲང་། ཡོངས་བསྒྲགས་བཅས་ཡོང་བ་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་འཕེལ་བ་བྱས་ཏེ་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤྱིའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།